གྲོ་ནག་གིས་བདེ་ཆེན་ས་མཐོར་ནུས་པ་ཆེན་པོ་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྱང་མཁར་ཡུལ་མི་ཚོ་ཆུང་གིས་གྲོ་བསྡུ་བྱེད་འགོ་ཚུགས་པ་རེད།

        ས་མཐོའི་ནས་ད་དུང་མྱུ་གུ་སྐྱེ་བཞིན་ཡོད་དེ།གྲོ་བསྡུ་བའི་རྒྱུ་མཚན་ཅི་ཡིན་ནམ།འདི་ལྟར་གསར་འགོད་པ་དོགས་གཞི་སྐྱེས་གཞིན་གྱང་མཁར་ཡུལ་མི་ཚོ་ཆུང་དུ་བསྐྱོད།སེམས་ཀྱི་ཉི་ཟླ་བསོད་རྒྱལ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་རྟེན་གཞིར་གྲོང་མི་ཚོས་བརྔ་བསྡུ་ཟོར་བ་ཁུར་ནས་བརྔ་བསྡུ་བྱེད་བཞིན་པ་མཐོང་།

        གྲོ་ནག་ཐན་འགོག་དང་གྲང་འགོག ཚྭ་འགོག་བཅས་ཀྱི་ནུས་པ་ཅུང་ཆེ་བ་རེད།མཚོ་བོད་ས་མཐོ་སོགས་མཐོ་གྲང་འབྲོག་ཁུལ་དུ་འདེབས་འཛུགས་བྱེད་པར་འཚམ་པོ་ཡོད།གྲོ་ནག་ཕྱུགས་རྩྭ་ནི་སྙེ་མ་ཅན་གྱི་གཟན་རྩྭའི་ནང་གི་རྩྭ་ཐོན་ཚད་དང་།སྤྲི་དཀར་རྩིང་པོ།དངོས་པོ་སྐམ་པོ་བཅས་འཇུ་ཚད་ཅུང་མཐོ་བ་དང་།ཕྱུགས་རིགས་ཀྱི་གཟན་ཆས་འབྱུང་ཁུངས་གཙོ་བོ་ཡིན།སྟོན་ཀར་བཏབས་ན་དཔྱིད་ཀར་མྱུ་གུ་འབུས་སྔ་ལ།རྩྭ་སྐམ་དུས་སུ་སྤུས་ལེགས་སྔོ་གཟན་མཁོ་སྤྲོད་བྱས་ནས་སྔོ་གཟན་མཁོ་སྤྲོད་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་དགོས།

        2015ལོར་སེམས་ཀྱི་ཉི་ཟླ་བསོད་རྒྱལ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཤིང་།འདི་ནི་ཞིང་ལས་ཚན་རིག་ལག་རྩལ་ཞིབ་འཇུག་དང་།ཞིང་ལས་ཚན་རིག་ལག་རྩལ་ཁྱབ་གདལ་ཞབས་ཞུ།གཟན་རྩྭ་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན།འབྲི་གཡག་གསོ་སྤེལ།ཚགས་ཤའི་ཐོན་རྫས་ལས་སྣོན།  ཕྱིར་ཚོང་དང་ཞིང་ལས་འདེབས་འཛུགས་རྣམ་གྲངས་འགན་གཙང་དང་མ་འཇོག་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་ཚན་རྩལ་གྱི་གསར་གཏོད་རྣམ་པ་གསར་པའི་ཕྱོགས་བསྡུས་རྣམ་པའི་ཁེ་ལས་ཤིག་ཡིན།

        ཀུང་སི་བཙུགས་མ་ཐག་ཡུན་ནན་ཞིང་ཆེན་རྩྭ་སའི་སྲོག་ཆགས་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ལ།རྩྭ་ལས་དང་འབྲི་གཡག་གི་ཚན་རིག་ཞིབ་འཇུག་མང་པོ་སྤེལ།ཞིང་ལས་པུའི་ལས་རིགས་ཀྱི་རྒྱལ་ཁབ་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི“མཚོ་བོད་ས་མཐོའི་སྡེ་ཁུལ་གྱི་སྣོད་བཅུད་འབྲོག་ལས་དང་།སེམས་ཀྱི་ཉི་ཟླའི་སྡེ་ཁུལ་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་འདུ་ཤེས་ཞིབ་འཇུག་ལག་རྩལ་གཅིག་སྡུད་དཔེ་སྟོན”གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པ་རེད།རྣམ་གྲངས་དེས་གཟན་རྩྭའི་སྣ་ཁ་གདམ་གསེས་དང་།འདེབས་གསོ།ལས་སྣོན།རང་བྱུང་རྩྭ་སའི་འབྲི་གཡག་གི་རིགས་རྒྱུད་འདེམས་གསོ།གསོ་ཚགས་ལག་རྩལ།ནད་ཡམས་འགོག་བཅོས་སོགས་ཀྱི་ཐད་ལག་རྩལ་ཐད་ཚད་བརྒལ་གལ་ཆེན་བྱུང་ཞིང་།ཚན་རིག་ཞིབ་འཇུག་གི་རྣམ་གྲངས་ལ་བརྟེན་ནས།སྡེ་ཁུལ་གྱི་སྣོད་བཅུད་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས་ཡང་ཐང་གྲོང་རྡལ་གྱི་འབྲི་གཡག་གསོ་ཚགས་ལག་རྩལ་གསར་གཏོད་ལ་སྐུལ་ཁྲིད་བྱས་ཡོད།ཞིང་འབྲོག་པ་དབུལ་སྒྲོལ་འབབ་འཕར་ཡོང་བའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཏུ་གྱུར་ཡོད།

        དེང་སྐབས།ཀུང་སི་དེསཀུང་སི+ཞིང་དུད+རྟེན་གཞིབཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་8དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད།ཀུང་སིས་ལོ་ལྟར་ཉིན་གླ་22གདན་ཞུ་བྱས་ནས་ལོ་ལྟར་དུད་ཚང་རེར་ཆ་སྙོམས་སྒོར་8000ལྷག་ཙམ་གྱི་དཔལ་འབྱོར་ཡོང་འབབ་འཕར་བ་བྱས་ཡོད།ཞིང་ནང་དུ་བརྔ་བསྡུ་བྱེད་རོགས་བྱེད་བཞིན་པའི་ཨ་ཁུ་ཉི་པུའུ་ཁྱིམ་མཚེས་གྲོང་ཚོ་ནས་ཡིན་པ་དང་ཁོང་གིས་ལོ་ལྟར་ཀུང་སིར་གླ་པ་བྱེད་ཀྱི་ཡོད།ད་ལྟ་གྲོ་ནག་བརྔས་པར་ཉིན་རེར་ཡོང་འབབ་སྒོར་150ཡོང་གི་ཡོད་པ་རེད།