ལུས་ཕུང་ལ་ཀ་རའི་འཚོ་བཅུད་ཅི་ཙམ་སྣོན་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་ང་ཚོས་ཀ་རའི་འཚོ་བཅུད་འདུས་པའི་ཟ་མ་མང་པོ་ཟ་བཞིན་ཡོད།  དེས་ན་ལུས་ཕུང་ལ་ཀ་རའི་འཚོ་བཅུད་ཅི་ཙམ་སྣོན་དགོས་སམ་ཞེ་ན་དེའི་ལན་ནི་སྣོན་མི་དགོས་ཏེ།   གལ་ཏེ་ང་ཚོའི་ཇ་ཁ་གསུམ་པོ་གོ་རིམ་ལྡན་ཞིང་ཟས་པ་བདེ་ཐང་ཡིན་ན་ཆེད་དུ་ཀ་རའི་འཚོ་བཅུད་སྣོན་མི་དགོས།  དེ་ལས་ལྡོག་སྟེ་ཀ་རའི་འཚོ་བཅུད་ཟ་རྒྱུ་མང་དྲགས་ན་རྒས་སླ་བ་དང་།   གདོང་ལ་བཙིར་མ་ཐོན་པ།  ཚོན་པོ་ཆགས་པ། གཅིན་པ་མངར་འགྱུར་གྱི་ཁྲག་ཤེད་མཐོ་བའི་ཉེན་ཁ་ཆེ་རུ་འགྲོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ།  སྙིང་ནད་ཕོག་སླ་བ་སོགས་ཀྱི་གནས་ཚུལ་འབྱུང་ཉེན་ཆེ་བར་བཤད་ཡོད།  

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་ཀ་རའི་མངར་ཆ་ཁེ་50ལས་བརྒལ་མི་རུང་བའི་གྲོས་འགོ་བཏོན་ཡོད་པ་དང་རབ་ཡིན་ན་ཁེ་25ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་ན་བཟང་།

     ཀ་རའི་མངར་ཆའི་ཚད་གྲངས་དེ་གཤམ་གྱི་རི་མོ་དག་ལས་མཚོན་པར་བྱས་ན།