རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བོད་ལུགས་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་ལུགས་གསོ་རིག་ནི་སྤྱི་ལོའི་དུས་རབས་7པར་རྒྱལ་ཐང་དང་འཇོལ་རྫོང་རྒྱུད་དུ་དར་བ་དང་།བདེ་ཆེན་གྱི་མངའ་ཁོངས་ནང་དུ་འབྱུང་ཁུངས་སྔ་ཤོས་ཀྱི་གསོ་རིག་མ་ལག་ཅིག་ཏུ་གྱུར་ཡོད།
1987ལོའི་ཟླ་9པའི་ཚེས་11ཉིན། སྤྲུལ་སྐུ་བྱང་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་བདེ་ཆེན་ཁུལ་བོད་ལུགས་སྨན་ཁང་བསྐྲུན་པ་ནས་བཟུང་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་འཕེལ་རྒྱས་མངོན་གསལ་བྱུང་ཡོད། མིག་སྔའི་བར་དུ་བོད་ཀྱི་གསོ་བ་རིག་པའི་གནད་བསྡུས་ཞེས་པ་དང་། བདེ་ཆེན་གྱི་བོད་སྨན་ཞེས་པ། བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ལོ་རྒྱུས་སོགས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་རྩོམ་མང་པོ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་ཡོད་པ་མ་ཟད། སྔ་རྗེས་སུ་བོད་སྨན་སྣ་ཁ་200ཙམ་ཞིབ་བཟོ་བྱས་ཡོད། རུས་རྨ་བཅོས་ཐབས་ནི་བདེ་ཆེན་བོད་ལུགས་གསོ་རིག་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་དང་། རང་བྱུང་རྩྭ་སྨན་སོས་པ་དང་སྲོལ་རྒྱུན་གྱི་བོད་སྨན་གཉིས་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རུས་རྨ་བཅོས་ཐབས་ཤིག་ཆགས་ཡོད། རུས་རྨ་བཅོས་ཐབས་ལ་གཙོ་བོ་རུས་ཆག་སླར་གསོ་དང་། སྨན་བྱུག་པ། རྐང་ལག་གི་བྱེད་ནུས་སྦྱོང་བརྡར་སོགས་ཀྱི་གོ་རིམ་འགའ་ཡོད།
2011ལོར་བདེ་ཆེན་བོད་ལུགས་གསོ་རིག་གི་རུས་རྨ་བཅོས་ཐབས་དེ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ཡོད། མིག་སྔར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རུས་རྨ་བཅོས་ཐབས་ཀྱི་རྒྱུན་འཛིན་པའི་སྐོར་ལ་ཨ་དཀར་དང་། ཡབ་འབྱོར། བསོད་ནམས་ཚེ་རིང་། ངག་དབང་ཆོས་འཕེལ། རྡོ་རྗེ་ཚེ་རིང་། ཚེ་དབང་སོགས་ཡོད་ཅིང་ཁོང་རྣམ་པ་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཡོད།