རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ གྱི་དག་ཐེར་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ6པའི་ཚེས་8ཉིན།  ཡུན་ནན་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དག་ཐེར་ལས་དོན་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་དག་ཐེར་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་སློང་།          ཡང་བསྐྱར་ནན་བཤད་བཅས་བྱས་པ།  ཚོགས་འདུ་གྲོལ་རྗེས་རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དག་ཐེར་ལས་དོན་ཚོགས་འདུ་འཚོགས་པ་རེད།

        ཚོགས་འདུའི་ཐོག་བསྟན་དོན།  སྤྱིའི་ཆ་ནས་བལྟས་ན། རང་ཁུལ་གྱི་ལོ་སྟོད་ཀྱི་ལས་དོན་དག་ཐེར་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་མོད། འོན་ཀྱང་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་སློབ་སྟོན་བྱས་པ་བརྒྱུད། དག་ཐེར་ལས་དོན་ལ་ད་དུང་རིམ་པ་སྟར་ཆགས་ཀྱི་དག་ཐེར་ལས་དོན་ཐད“དྲོད་ཁྱབ”དང་། དག་ཐེར་གནས་ཚུལ་ཐད“སྟོང་སྤྲོད་སྟོང་གཏུག”དག་ཐེར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལྷག་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཅིག་ནས་འགོ་ཁྲིད་བྱེད་ཤུགས་ཆེར་གཏོང་བ་དང་དག་ཐེར་གྱི་འགན་འཁྲི་གནས་སུ་འབྱོར་བར་ཁག་ཐེག་བྱེད་དགོས།  གཉིས་ནས་ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་གནད་དོན་ངོས་འཛིན་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས། གསུམ་ནས་རྩིས་ཁྲར་གཞིགས་ནས་རྩིས་སུབ་བཏང་སྟེ་གནད་དོན་བཅོས་སྒྲིག་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས།  བཞི་ནས་གནད་དོན་དག་ཐེར་ལ་བརྟེན་ནས་“ཉིན་བརྒྱའི་འགག་སྒྲོལ་”ཕྱོགས་ཡོངས་ནས་མཇུག་བསྡུ་བར་སྐུལ་འདེད་གཏོང་དགོས།

        ཁུལ་ཨུའི་རྒྱུན་ཨུ་ལི་ཡན་ལན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ།  ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཞུས་ཕེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།