བདེ་ཆེན་ཁུལ་གྱི་2020ལོའི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་འགྲེམ་སྟོན་འགོ་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་6པའི་ཚེས་5ཉིན་གྱི་མཚན་མོར།  བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱེད་པའི་བདེ་ཆེན་ཁུལ་2020ལོའི་མི་རིགས་དམངས་ཁྲོད་གླུ་གར་རྒྱུན་རྣམ་ཅན་འགྲེམ་སྟོན་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུཊ།




བྱེད་སྒོའི་ཡུལ་དངོས་སུ་འཁྲབ་སྟོན་པ་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་དམངས་ཁྲོད་པི་ཝང་དཀྲོལ་བ་དང་། བདེ་ལྕག་འཁྱུག་པའི་སྟངས་སྟབས་སྤོ་བ། ཕུ་རུང་རིང་པོ་གཡུག་གཡུག་བྱས་པ་སོགས་བྱས་ནས་ལྟད་མོ་བ་རྣམས་ལ་མཛེས་ཤིང་སྡུག་པའི་པི་ཝང་ཞབས་བྲོ་འཁྲབ་སྟོན་བྱས་པས་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།

བདེ་ཆེན་གྱི་མི་རིགས་དམངས་ཁྲོད་གླུ་གར་ལ་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཡུན་རིང་ལྡན་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ།  ཐེངས་འདིའི་འགྲེམ་སྟོན་བྱེད་སྒོ་སྤེལ་བ་ནི་བདེ་ཆེན་གྱི་མི་རིགས་དམངས་ཁྲོད་གླུ་གར་ལ་སྲུང་སྐྱོང་དང་རྒྱུན་འཛིན།  དར་སྤེལ་ཡིན་པ་མ་ཟད། བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤུས་རྟགས་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ཟླ་6པ་ནས་བཟུང་ཉིན་ལྟར་གྱི་མཚན་མོར་མི་རིགས་དམངས་ཁྲོད་གླུ་གར་འགྲེམ་སྟོན་བྱེད་སྒོ་ཡོད་པ་དང་།  མིག་སྔར་འཇོལ་གཞས་དང་སྐོར་བྲོ་འགྲེམ་སྟོན་བྱེད་འགོ་ཚུགས་ཡོད་ལ། འཇོལ་གཞས་འགྲེམ་སྟོན་བྱེད་པའི་དུས་ཚོད་ནི་ཟླ་6པའི་ཚེས་5ཉིན་དང་ཚེས་15ཉིན།  ཚེས་25ཉིན་ཡིན་པ་དང་།   སྐོར་བྲོ་འགྲེམ་སྟོན་བྱེད་པའི་དུས་ཚོད་ནི་ཟླ་6པའི་ཚེས་2ཉིན་དང་ཚེས་12ཉིན།   ཚེས་22ཉིན་བཅས་ཡིན།  གཤམ་ལ་ད་དུང་འཇང་རིགས་དམངས་ཁྲོད་གླུ་གར་དང་ལི་སུའུ་རིགས་དམངས་ཁྲོད་གླུ་གར།  དབྱི་རིགས་དམངས་ཁྲོད་གླུ་གར།    ཉི་ཤར་བྱམས་གླུ    ཡང་ཐང་སྐོར་བྲོ     མྱི་ཟུར་སྐོར་བྲོ  གཏེར་མ་རོང་སྐོར་བྲོ་སོགས་འགྲེམ་སྟོན་བྱ་རྒྱུ།