སྤྲོ་གསེང་བྱེད་ས་སྐྱིད་པོ་སྒང་ཁ་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབྱར་ཟླ་དྲུག་པའི་སྒང་ཁ་མཚོ་ནི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་ལ། འཇོལ་རྫོང་གྲོང་ཁྱེར་ནས་རླངས་འཁོར་སྐོར་ནས་སོང་ན་སྐར་མ་བཅུ་མ་གཏོགས་མི་དགོས་པ་རེད། མཚོ་འགྲམ་གྱི་སྔོ་ལྗང་གི་རྫ་རི་དང་མེ་ཏོག་སྣ་བརྒྱ་མཚོ་ངོས་སུ་གསལ་ལེར་འཆར་ཡོད་དེ། མཚོ་མོ་ནི་མཁའ་ནས་ལྷུང་བའི་མེ་ལོང་གཅིག་དང་འདྲ། དྭངས་གསལ་གྱི་མཚོ་ནང་དུ་ཉ་མོའི་ཚོགས་ཀྱི་འཁྱུག་རྩལ་ངོམ་བཞིན་ཡོད་པ་མཐོང་ཐུབ་ལ། ས་གནས་སུ་ཡང་ཉ་རིགས་ལ་གནོད་པ་བྱེད་མཁན་མེད་དེ། གནས་འདིར་མི་དང་སྲོག་ཆགས་འཆམ་མཐུན་གྱི་རྣམ་པ་ཞིག་གཞི་ནས་ཆགས་འདུག








        གཟའ་མཇུག་ཏུ། མི་མང་བོ་གནས་འདིར་ཡོང་ནས་ནགས་འདབ་ཀྱི་སྤང་ཐང་དང་གངས་འདབ་ཀྱི་མེ་ཏོག་ཁྲོད་དུ་སྤྲོ་གསེང་བྱེད་བཞིན་ཡོད་ལ། དག་གཙང་གི་མཁའ་དབུགས་དང་ཁྲ་འཁྱིལ་གྱི་མེ་ཏོག་ཁྲོད་ནས་ཙག་ཙིག་གི་ལས་ཀའི་ངལ་བ་དང་འཁོར་བའི་སུན་སྣང་སེལ་བཞིན་ཡོད།