དབྱར་གཞུང་གི་ནགས་ཕག་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  དབྱར་ཟླ་དྲུག་པར། བདེ་ཆེན་མཐོ་སྒང་དུ་དུས་ལྟར་ཆར་དུས་བསུས་ཡོང་ལ། ཚོན་མདོག་བཀྲ་བའི་ནགས་ཕག་མཚོར་ཡང་དབྱར་གྱི་སྣང་བ་ཞིག་གིས་ཁེངས་འདུག 

    ཉི་འོད་དང་རླུང་བུ་འཇམ་པའི་ཉིན་འདིར། ནགས་ཕག་མཚོ་ནི་གཡུ་ཡི་མེ་ལོང་གཅིག་དང་འདྲ་བར་སྔོ་ལྡེམ་མར་འཁྱིལ་ཡོད་ལ། དྭངས་གསལ་གྱི་གནམ་མཁའི་འོག་ན། རྩྭ་ཐང་ནི་སྔོ་ལྗང་ལྗང་དུ་ཡོད་ལ། ཁྱུ་དང་ཁྱུ་བྱས་ནས་རྒྱུ་བའི་རྟ་ནོར་ལུག་གསུམ་གྱིས་གནས་འདིར་དབྱར་གཞུང་གི་རྩྭ་ཆུའི་བཅུད་ལ་རོལ་བཞིན་ཡོད། མཚོ་འགྲམ་གྱི་རི་ངོས་ན་སྟག་མ་མེ་ཏོག་དང་སུ་རུ་མེ་ཏོག རྒྱལ་ཐང་གི་ཧའེ་ཐང་མེ་ཏོག་སོགས་མེ་ཏོག་སྣ་བརྒྱ་ཁྲ་འཁྱིལ་ལེར་ཡོད་དེ། དབྱར་གྱི་མཛེས་པས་ཡོངས་སུ་སྤྲས་འདུག

    དབྱང་ཁ་ནི་གནས་འདིའི་ཞིང་བ་མང་ཚོགས་ཆེས་བྲལ་བ་ཆེ་བའི་དུས་ཤིག་ཡིན། ཉིན་འདི་དག་ལ་ནགས་ཕག་མཚོའི་ཉེ་འཁོར་གྱི་ཞིང་ནང་དུ་ཞོ་ཁོག་དང་ནས། ཡུངས་དཀར་སོགས་ལ་མེ་ཏོག་དང་ལོ་འདབ་མ་རྒྱས་ཡོད་དེ། མཐའ་འཁོར་གྱི་གྲོང་མི་ཚོ་ཡང་ཞིང་ནང་དུ་ངལ་མེད་ལས་ལ་བྲེལ་བཞིན་འདུག 


    ནགས་ཕག་མཚོ་ནི་རང་རྒྱལ་གྱི་འཕྲན་ཚད་དམའ་བའི་མཐོ་སྒང་གི་དུས་ཚིགས་རང་བཞིན་གྱི་ན་གཞོང་ཞིག་ཡིན་ལ། ལོ་འདི་དག་གི་རིང་མཚོ་སྐོར་གཞུང་ལམ་སོགས་ཡུལ་སྐོར་སྒྲིག་ཆས་འཐུས་ཚང་སུ་བཏང་བ་བརྒྱུད། འདི་ཡང་ཡུལ་སྐོར་བ་མང་བོ་ལྗོངས་རྒྱུར་ཡོང་བའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་དེ། ཡུལ་སྐོར་ཡོང་བབས་ཀྱིས་ཀྱང་ས་གནས་ཞིང་བའི་ཡོང་བབས་འཕར་སྣོན་ལ་ནུས་པ་གལ་ཆེན་ཞིག་ཐོན་བཞིན་ཡོད་པ་རེད།