མཛེས་ལྗོངས་སུ་བསྐྱུར་བའི་གད་སྙིགས་འདི་དག་མིག་ལ་གཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་མཐོ་སྒང་དུ་དབྱར་ཟླ་ཚེས་པ་དང་བསྟུན། ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་ལ་ས་གཞིར་རིམ་གྱིས་མེ་ཏོག་སྣ་བརྒྱ་བཞད་བྱུང་བས། ཡུལ་འདིའི་དབྱང་ཁའི་མཛེས་པ་ཡོད་ཚད་ཕྱིར་གསལ་ནང་གསལ་གྱིས་མངོན་བྱུང་།  འདི་ཡང་ཡུལ་མི་ཚོ་དང་ཡུལ་སྐོར་བ་མང་བོས་ཕྱི་རོལ་རང་བྱུང་ཁམས་ནས་སྤྲོ་གསེང་བྱེད་པའི་དུས་ཚིགས་ཤིག་ཡིན་ལ། དེ་མིན་སྤྱོད་ངན་སྣ་ཚོགས་ཕྱི་ལ་སྟོན་པའི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད། ཉེ་ཆར། ཡུལ་མི་ཚོ་དང་ཡུལ་སྐོར་བས་ཉེ་ཁོར་གྱི་རི་བོ་དང་སྤང་ཐོག་ནས་སྤྲོ་གསེང་བྱེད་པ་མང་དུ་ཕྱིན་པ་དང་བསྟུན། རང་རང་གིས་འཁྱེར་ཡོང་བའི་གད་སྙིགས་སྣ་ཚོགས་ཀྱང་གང་ས་གང་དུ་གཡུག་འདུག་པ་མཐོང་།

        ནགས་ལྕོག་རི་བོ་ནི་གྲོང་ཁྱེར་དང་ཆེས་ཐག་ཉེ་བའི་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་བྱེད་ས་གཙོ་བོ་ཞིག་ཡིན། ཉེ་ཆར། ནགས་ལྕོག་རི་བོར་སྟག་མ་མེ་ཏོག་གཙོ་བྱས་པའི་མེ་ཏོག་སྣ་བརྒྱས་སྤྲས་ཡོད་ལ། ཡུལ་ལུང་འདིར་དབྱང་ཁའི་མཛེས་ལྗོངས་དང་མེ་ཏོག་སྣ་བརྒྱའི་དྲི་ཞིམ་གྱིས་ཡོངས་སུ་ཁེངས་འདུག  དེར་རྟེན་ཡུལ་མི་དང་ཡུལ་སྐོར་བ་མང་བོ་གནས་འདིར་སྤྲོ་གསེང་བྱེད་པར་བསུས་ཡོང་།

སྡོང་བོའི་གསེབ་ཀྱི་གད་སྙིགས་ཀྱི་ཕུང་བོ།


རྫ་མགོའི་འགྱིག་ཤོག


མེ་ཏོག་ཁྲོད་ཀྱི་གད་སྙིགས།

        ནགས་ལྕོག་རི་བོ་ནི་དབྱར་ཁའི་སྤྲོ་གསེང་བྱེད་སའི་གནས་མཆོག་ཅིག་ཡིན་ལ། སྲིད་གཞུང་གིས་ཀྱང་རི་འཛེག་གི་ལམ་དང་གློག་སོགས་བཟོས་ནས་གྲོང་མི་དང་ཡུལ་སྐོར་བར་སྤྲོ་གསེང་བྱེད་པར་སྟབས་བདེ་བྱས་ཡོད། འོན་ཀྱང་འདི་ནི་སྤྱི་བའི་ས་ཁོངས་ཡིན་པས་གནས་འདིར་སྤྲོ་གསེང་དུ་ཡོང་བའི་མི་སོ་སོར་ཡུལ་འདིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དོར་ཐབས་པའི་འགན་ཁུར་ཡོད། ཉེ་ཆར། གནས་འདིར་སྤྲོ་གསེང་བྱེད་དུ་ཡོང་བའི་མི་རིམ་གྱིས་ཇེ་མང་དུ་སོང་བ་དང་བསྟུན་ནས་ཡུལ་འདིའི་རི་འཛེག་ཐེམ་སྐས་ཀྱི་ལོགས་གཉིས་དང་མེ་ཏོག་ཏོག་ལྡེམ་ལྡེམ་གཡོ་བའི་སྤང་ཐང་། ལོ་འདབ་རྒྱས་པའི་སྡོང་བའི་ཡལ་གའི་གསེང་སོགས་གང་ས་གང་དུ་ཤོག་བུ་དང་འགྱིག་ཁུག ཤེལ་ཆག དམ་བུའི་རིགས་སྣ་ཚོགས། མཐའ་ན་འཕྲུལ་ཆས་ཀྱི་སྙིགས་རོ་ལ་སོགས་གད་སྙིགས་སྣ་ཚོགས་ཡོད་པ་མ་ཟད། གང་འདོད་དུ་མེ་དབུས་ནས་ཟས་རིགས་བསྲེག་པ་སོགས་ཀྱི་སྤྱོད་ངན་སྣ་ཚོགས་མཐོང་ཐུབ། གནོད་བཅུད་འཛོམས་པའི་གནས་མཆོག་འདི་ལྟུ་བུ་ཞིག་ནས་འདི་ལྟར་གང་འདོད་དུ་ལས་ན་ལམ་འགྲོ་བའི་མིག་ལ་གཟེར་ལ་མི་སེམས་ལ་ན་ཟུག་དབང་མེད་སྐྱེས་ཡོང་། སྣང་ཚུལ་འདི་ལྟ་བུ་ནགས་ལྕོག་རི་བོ་གཅིག་པུར་ཡོད་པ་ཞིག་མ་ཡིན་པར་མཐའ་འཁོར་གྱི་ཡུལ་མང་བོར་ཡོད།

        བདེ་ཆེན་གྱིས་ལོ་འདི་དག་རིང་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་མི་རིགས་མཐུན་སྒྲིལ་དཔེ་ཁུལ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་བདེ་ལེགས་ངང་འགྲུབ་པའི་ཐོག་མའི་ལས་ཀ་དང་། ཁུལ་ཡོངས་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཤིག་ཏུ་རྩིས་ཡོད་པ་རེད། སྤྱིར་མི་འགའ་རེས་གཡུག་པའི་པའི་གད་སྙིགས་གིས་བདེ་ཆེན་གྱི་མ་འོངས་པའི་ལམ་ཕྱོགས་ཆེན་པོར་ཤུགས་རྐྱེན་མངོན་གསལ་ཐེབས་མི་ཐུབ་མོད། འོན་ཀྱང་མི་འགའ་རེའི་སྤྱོད་ངན་ལམ་འགྲོ་བ་མང་བོ་དང་ལྷག་པར་དུ་རྗེས་རབས་པར་གོམས་སོང་ན། བདེ་ཆེན་གྱི་མ་འོངས་པར་ཤུགས་རྐྱེན་ཐེབས་རྒྱུ་ཐེ་ཚོམ་མེད། དེ་ཕྱིར་ངོ་ཚོ་གད་སྙིགས་གང་འདོད་དུ་མི་འཕེན་པར་གོམས་པར་བྱེད་དགོས་ལ། གད་སྙིགས་ཀྱི་སྤྱོད་ངན་ཡོད་པའི་མི་དེ་རིགས་དང་བར་ཐག་གཅོད་དགོས།