ཤིང་ཏོག་དང་སྔོ་ཚལ་ཐོག་གི་ཞིང་སྨན་འཁྲུ་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-05   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

     རིགས་གཅིག་མཁས་ཅན་གྱིས་ང་ཚོའི་མིག་ཤེས་དབང་པོས་སྔོ་ཚལ་དང་ཤིང་ཏོག་ཐོག་ཏུ་ཞིང་སྨན་ལྷག་མ་ཡོད་མེད་མཐོང་ཐུབ་ཀྱི་མེད། དེར་བརྟེན། སྔོ་ཚལ་དང་ཤིང་ཏོག་ཉོས་རྗེས་སྔོན་ལ་ཞིང་སྨན་ལྷག་མ་དག་ཐབས་བྱེད་དགོས་ཞེས་དྲན་སྐུལ་བྱེད་ཀྱི་འདུག 

     ༡ཆུ་གཙང་མའི་ནང་སྦོང་དགོས། 

    ལོ་མ་ཡོད་པའི་སྔོ་ཚལ་གཙང་མར་འཁྲུད་དགོས་པ་དང་། དེ་རྗེས་ཆུའི་ནང་སྐར་མ་༣༠སྦངས་ན་ཞིང་སྨན་ལྷག་མ་གཞི་ནས་དག་ཐུབ། 

    ༢ཤིང་ཏོག་ཁག་ཅིག་ཚྭ་ཆུར་སྦངས་ནས་འཁྲུད་དགོས། 

    ཤིང་འབྲས་འབྲི་ཏ་ས་འཛིན(草莓)དང་ཚལ་ཀོ་པི(花菜)སོགས་ཚྭ་ཆུར་སྐར་མ་ཁ་ཤས་སྦངས་ནས་བཀྲུས་ན་ཞིང་སྨན་ལྷག་མ་དག་འགྲོ་ཡི་ཡོད། 

    ༣ཤིང་ཏོག་དག་རྫས་སྤྱོད་དགོས། 

    རྒྱུན་དུ་མི་མང་པོས་ཞིང་སྨན་དག་བྱེད་ཤིང་འབྲས་དང་སྔོ་ཚལ་ཆུ་ཁོལ་མའི་ནང་སྦངས་ཀྱི་ཡོད། དོན་དུ་བྱེད་སྟངས་དེ་ནོར་བ་ཞིག་རེད། གང་ལགས་ཞེ་ན། ཆུ་ཚ་དྲགས་ན་སྔོ་ཚལ་གྱི་འཚོ་བཅུད་ཤོར་འགྲོ་ཡི་ཡོད། གཞན་ཡང་། མི་འགའ་ཤས་ཀྱིས་བཟའ་སྣོད་དག་རྫས་ཀྱིས་ཤིང་འབྲས་དང་སྔོ་ཚལ་འཁྲུད་ཀྱི་ཡོད། དག་རྫས་དེ་རིགས་རྫས་འགྱུར་གྱིས་བཟོས་པ་ཤ་སྟག་ཡིན་པས། སྔོ་ཚལ་ནང་སིམ་ཚེ་གཟུགས་པོར་གནོད་འཚེ་ཆེན་པོ་ཡོད། དེར་བརྟེན་ང་ཚོས་ཤིང་ཏོག་འཁྲུད་སྐབས་ཤིང་འབྲས་དང་སྔོ་ཚལ་དག་རྫས་ཀྱིས་འཁྲུད་དགོས།