གོས་དཀར་ལྷ་ཡི་དཔུང་སྡེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོར་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཞིག་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་རེད། རིམས་ནད་འདི་བྱུང་མ་ཐག་རྒྱལ་ཡོངས་མི་དམངས་ཀྱིས་གོང་བུ་མཉམ་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་སྔོན་འགོག་གི་ལས་སུ་ཞུགས།འདིའི་ཁྲོད་དུ་གོས་དཀར་ལྷ་མོས་རང་དོན་རྒྱབ་ཏུ་སྐྱུར་བ་དང་།རང་སྲོག་འབེན་ལ་བཞག་ཏེ་འཐབ་ས་དང་པོ་ནས་རིམས་ནད་ལ་འགོག་རྒོལ་བྱས།མིག་སྔར་རང་རྒྱལ་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འདི་གཞི་རྩའི་ཐོག་ནས་སྔོན་འགོག་བྱུང་ཡོད་པ་རེད།

    ཚིག་བཀྲ་བ་དང་དབྱངས་བཀྲ་ཤིས་རྡོ་རྗེས་བརྩམས་པའི་གོས་དཀར་ལྷ་ཡི་དཔུང་སྡེ་ཞེས་པའི་བསྟོད་གླུ་འདི་ནི་རིམས་ནད་འགོག་རྒོལ་གྱི་ལས་སུ་ཞུགས་པའི་གོས་དཀར་ལྷ་ཡི་དཔུང་སྡེ་ལ་འབུལ་བ་དང་།ད་ལྟའི་འབྲས་བུ་འདི་གོས་དཀར་ལྷ་མོའི་རྔུལ་ཆུ་དང་འབྲལ་ཐལ་མེད་པས།    གླུ་འདི་འབུལ་ནས་ཁོ་ཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་རེད།

    བཀྲ་ཤིས་ཟླ་བ། བསྡུས་མིང་ལ་བཀྲ་བ་ཟེར།ཡུལ་ཤུལ་ཁུལ་རིག་གནས་ཁང་གི་འགོ་ཁྲིད་དང་།རབ་འབྱམས་པའི་ཞིབ་འཇུག་སློབ་མ། ཞིབ་འཇུག་པ་ཆེན་མོ་ཡིན། མཚོན་བྱེད་བརྩམས་ཆོས་པཎ་ཆེན་དྲན་གླུ་ཞེས་པ་(གཅིག་ལྔ་ལས་གཞིའི་བྱ་དགའ་ཐོབ་པ།) སོགས་ཡོད།

    བཀྲ་ཤིས་རྡོ་རྗེ། ཡུལ་ཤུལ་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་མཁན་ཡིན། མཚོན་བྱེད་བརྩམས་ཆོས་ཨ་མའི་པགས་ཚག་ཞེས་པ་སོགས་མི་སྒེར་གྱི་བརྩམས་ཆོས་ཆེད་བསྒྲིགས་ཡོད།