རི་སྐྱེས་ཤ་མོ་ཟ་དུས་ཡིད་གཟབ་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ཉིན་འདི་དག་ལ།  བདེ་ཆེན་དུ་ཆར་ཆུ་ཇེ་མང་སོང་བ་དང་བསྟུན་ནས།  རི་སྐྱེས་ཤ་མོ་སྣ་ཚོགས་རིམ་བཞིན་ཐོན་ལ་ཉེ།  ལོ་ལྟར་རི་སྐྱེས་ཤ་མོ་ཟོས་ནས་དུག་ཕོག་པའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་པ་དང་།  གཤམ་ན་རི་སྐྱེས་ཤ་མོ་བཟའ་དུས་ཡིག་གཟབ་བྱེད་དགོས་དོན་འགའ་བསྟན་རྒྱུ།

    གཅིག  རང་གིས་རྒྱུས་ལོན་མེད་པའི་རི་སྐྱེས་ཤ་མོའི་རིགས་དང་། ལྷག་པར་དུ་ཁ་དོག་རྣམ་པར་བཀྲ་བའི་ཤ་མོའི་རིགས་སྔོག་འདོན་དང་འདེམ་ཉོ་བྱེད་མི་རུང་། རི་སྐྱེས་ཤ་མོ་ཟ་སྐབས་འདྲེས་མི་རུང་། རབ་ཡིན་ན་ཐེངས་རེར་རི་སྐྱེས་ཤ་མོ་སྣ་གཅིག་ཟ་དགོས། འཐུ་བའམ་ཉོས་པའི་རི་སྐྱེས་ཤ་མོ་ཚང་མ་མཉམ་དུ་བརྔོས་མི་རུང་། རྒྱུ་མཚན་ནི་རིགས་མི་འདྲ་བའི་རི་སྐྱེས་ཤ་མོ་རྫས་འགྱུར་འགྱུར་འབྱུང་འབྱུང་སླ་ལ། དུག་མེད་པའི་ཤ་མོའང་དུག་ཏུ་གྱུར། ལས་སྣོན་བྱེད་སྐབས་ངེས་པར་དུ་སེམས་ཆུང་བྱེད་དགོས། རབ་ཡིན་ན་ཤ་མོ་ཆུ་ཁོལ་ཁྲོད་སྐར་མ་གསུམ་ནས་ལྔའི་བར་བཙོས་ཏེ་བླངས་རྗེས་ཆུ་གཙང་མས་བཀྲུས་བ་དང་དེའི་རྗེས་སུ་བརྔོས་ན་བཟང་། དཔེར་ན་བྱུར་ཤྭ་དང་འདྲ་བར། ཆེས་ལེགས་པའི་བྱེད་ཐབས་ནི་སྔོན་ལ་བཙོས་ནས་ཚོས་སུ་འཇུག་པ་དེ་ཡིན།

    གཉིས།  ཁྲོམ་རྭར་ཤ་མོ་ཉོ་དུས་ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱུན་དུ་བཟའ་མྱོང་བ་རྣམས་ཉོས་ན་ལེགས། ཉེན་ཁ་གང་ཡང་མ་བྱུང་བའི་ཤ་མོ་ཉོས་རྗེས་བརྔོས་ནས་ཟ་དགོས། རི་སྐྱེས་ཤ་མོ་ཟ་སྐབས་ཆང་ཉུང་ཙམ་ཡང་འཐུང་མི་རུང་། རི་སྐྱེས་ཤ་མོ་ལ་ལར་དུག་མེད་ནའང་། འོན་ཀྱང་དེའི་གྲུབ་ཆ་ཁ་ཤས་ནི་ཆང་ནང་དུ་འདུས་པའི་རྫས་འགྱུར་འགྱུར་འབྱུང་བྱུང་ནས་དུག་རྒྱུ་གྲུབ་པ་དང་། དེར་བརྟེན་རི་སྐྱེས་ཤ་མོ་ཟ་སྐབས་རབ་ཡིན་ན་ཆང་འཐུང་མི་རུང་།

    གསུམ། རི་སྐྱེས་ཤ་མོ་ཟོས་རྗེས།  སྐྱུག་མེར་ལངས་པ་དང་། མགོ་ཡུ་འཁོར་བ། སྐྱུག་པ། དངོས་པོ་མི་གསལ་བའམ་འཕྲུལ་སྣང་གི་རྟགས་བྱུང་ན་འཕྲལ་དུ་ཆུ་ཁོལ་དྲོད་འཇམ་མམ་ཚྭ་ཆུ་མང་པོ་འཐུང་དུ་བཅུག་དགོས་པ་དང་། དེ་ནས་སྐྱུག་ཏུ་འཇུག་པ་དང་བཤལ་དུ་འཇུག་པ་སོགས་ཐག་གཅོད་བྱས་དེ་མྱུར་དུ་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས། (པར་རིས་ཡོང་ཁུངས།པའེ་ཏུའུ་དྲ་བ།)