​རྔ་བའི་འགྲིམ་འགྲུལ་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    རྔ་བ་ཁུལ་གྱི་འགྲིམ་འགྲུལ་གྱིས་གཟི་བརྗིད་ཀྱི་ཁྲེས་པོ་རྒྱབ་ཏུ་ཁུར་ཏེ་ཁྲེང་ཏུའུ་དང་རྔ་བའི་བར་གྱི་གཞུང་ལམ་ནས་མགོ་བཙུགས་ཏེ། ལོ་ངོ་བཅུ་ཕྲུག་འགའི་དུས་ཚོད་ནང་དུ། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འགངས་ཆེན་སྐོར་ཞིག་ལག་བསྟར་བྱས་ཏེ། 2019ལོའི་ལོ་མཇུག་ཏུ་སླེབས་དུས། ཁུལ་ཡོངས་སུ་རླངས་འཁོར་བགྲོད་རུང་གི་ལམ་ཐག་བསྡོམས་པས་སྤྱི་ལེ་13579ལ་སླེབས་ཡོད། གཟི་གསེར་གནམ་གྲུ་ཐང་དང་ཧུང་ཡོན་གནམ་གྲུ་ཐང་། ཏུའུ་ཅང་ཡན་དང་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་འགྲིམ་འགྲུལ་རྣམ་གྲངས་དག་རིམ་པ་བཞིན་དུ་ལེགས་འགྲུབ་དང་བེད་སྤྱོད་ཐུབ་པ་བྱུང་། ཝུན་ཁྲོན་དང་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁག་མང་པོར་ཡང་རླངས་འཁོར་བགྲོད་ཐུབ་ཅིང་། ཁྲེང་ཏུའུ་དང་ལན་ཀྲུའུ་བར་གྱི་ལྕགས་ལམ་ཡང་ཕྱོགས་ཡོངས་ནས་ལས་མགོ་ཚུགས་ཡོད། དེ་བས་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་གཞི་གཅིག་ཏུ་སྦྲེལ་བའི་ལངས་གཟུགས་རྣམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་རྣམ་པ་མི་འགྱང་བར་མངོན་འགྱུར་བྱུང་སྟེ། རྔ་བ་ས་ཁུལ་དེ་སྣ་མང་ཕུན་སུམ་ཚོགས་པའི་འཇིག་རྟེན་གྱི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བྱེད་ཀྱི་གཤོག་ཟུང་དུ་འགྱུར་ངེས་སོ།།