རང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་7.4མཐོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོ་ནས་ཟླ་4པའི་བར།  རང་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་(ཞིང་དུད་ཚུད་མེད་)སྒོར་དུང་ཕྱུར་37.84ལེགས་གྲུབ་བྱུང་བ་དང་། 3.6%འཕར་ཡོད། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་7.4མཐོ་སྟེ། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.3འཕར་ཡོད།

        ད་ལོ་ནས་བཟུང་།ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་དེ་ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ།  བརྟན་བརླིང་དྲུག་ཞེས་པའི་ལས་ཀ་ཏན་ཏིག་སྒྲུབ་པ་དང་།  ཕྱོགས་ཡོངས་ནས་འགན་ལེན་དྲུག་ཞེས་པའི་ལས་འགན་དོན་དུ་འཁྱོལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་ཀ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།  ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མགྱོགས་མྱུར་ངང་སླར་གསོ་བྱས་ནས་དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་པོའི་ངང་བསྐྱར་འཕར་བྱུང་།