སེམས་ཀྱི་ཉི་ཟླའི་གནམ་ཐང་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ལས་མཁའ་འགྲུལ་འགག་སྒོ་ཨང་དང་པོར་འགྱུར་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ་5པའི་ཚེས་26ཉིན། ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཁོའོ་ཅེ་ཡིས་ཞིང་ཆེན་སྲིད་གཞུང་འགག་སྒོ་གཞུང་དོན་ཁང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཁུན་མིང་འགག་སྒོ། ཡུན་ནན་ས་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས། དམངས་སྤྱོད་མཁའ་འགྲུལ་ཡུན་ནན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས། བདེ་ཆེན་ཁུལ་སྲིད་གཞུང་དང་དེ་བཞིན་འགག་སྒོའི་གཞུང་དོན་ཁང་བཅས་ལས་གྲུབ་པའི་མཉམ་འབྲེལ་ཞིབ་བཤེར་རྩིས་ལེན་ཚོ་ཆུང་གི་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་གནམ་ཐང་གི་མཁའ་འགྲུལ་འགག་སྒོའི་གནས་སྐབས་རིང་སྒོ་ཕྱེ་བར་རྩོལ་ནུས་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་བྱས་ནས་ཁས་ལེན་ཐོབ་པ་རེད།   

སེམས་ཀྱི་ཉི་ཟླའི་གནམ་ཐང་དངོས་སུ་སྒོ་ཕྱེས་རྗེས།   རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་མཁའ་འགྲུལ་འགག་སྒོ་ཨང་གཉིས་པ་དང་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ལས་མཁའ་འགྲུལ་འགག་སྒོ་ཨང་དང་པོར་འགྱུར་རྒྱུ་མ་ཟད།   བདེ་ཆེན་གྱིས་ཕྱི་ཕྱོགས་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་ནུས་པ་མངོན་གསལ་ཐོན་རྒྱུ་རེད།

ཞིང་ཆེན་མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་གིས་ལས་ཡུལ་དངོས་ནས་ཞིབ་བཤེར་དང་ཞིབ་བཤེར་རྩིས་ལེན་ཚོགས་འདུ་འཚོགས་པ་བརྒྱུད་ནས་འགག་སྒོའི་དཔྱད་བཤེར་ཁུལ་གྱི་ནུས་པ་ལུགས་མཐུན་ཡིན་པ་དང་།    འགག་སྒོའི་ལས་ཡུལ་དངོས་ཀྱི་ལས་སྒོའི་སྒྲིག་བཀོད་དང་།     གཞན་ཡང་དཔྱད་བཤེར་བྱེད་ས། དཔྱད་བཤེར་ལས་སྒོའི་ཁང་པ་སོགས་འགག་སྒོའི་མཉམ་བཤེར་སྒྲིག་བཀོད་ཀྱིས་དཔྱད་བཤེར་ལས་ཀའི་དགོས་མཁོ་སྐོང་ཐུབ་ཡོད་པ་དང་། གཞི་རྩའི་ཐོག་《རྒྱལ་ཁབ་ཀྱི་འགག་སྒོའི་ཞིབ་བཤེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་》དང་མཐུན་ལ་དཔྱད་བཤེར་མི་སྣས་འགག་སྒོའི་གནས་སྐབས་ཕྱི་ཕྱོགས་སུ་སྒོ་ཕྱེས་རྗེས་དཔྱད་བཤེར་གྱི་ལས་འགན་འཁུར་ཐུབ་པ་དང་འབྲེལ་ཡོད་དམག་དོན་བདེ་འཇགས་གསང་སྲུང་བྱ་ཐབས་དོན་འཁྱོལ་བྱུང་ཐུབ་པར་འདོད་ཡོད།    སེམས་ཀྱི་ཉི་ཟླ་གནམ་ཐང་གནས་སྐབས་སྒོ་ཕྱེ་ནས་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་མོས་མཐུན་བྱུང་བ་རེད།