བདེ་ཆེན་ཁུལ་གྱིས་བྱ་ཐབས་བདུན་བཏོན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་ཡག་པོར་སྒྲུབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ཟླ་5པའི་ཚེས་29ཉིན་འཚོགས་པའི་ཁུལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་2019ལོ་དང་ད་ལོའི་ཚུན་གྱི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་ཕྱོགས་སྡོམ་བྱས་ཤིང་། 2020ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁ་གཏད་འཇལ་བའི་བྱེད་ཐབས་བདུན་བཏོན་པ་རེད།  

ཚོགས་འདུའི་ཐོག་ནས2020ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་བཟང་བོར་བསྒྲུབ་པའི་ཐད་ལ་ཁ་གཏད་འཇལ་བའི་བྱེད་ཐབས་བདུན་བཏོན་པ་སྟེ། གཅིག་ནི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནི་ཐབས་བརྒྱ་ཇུས་སྟོང་ངང་རྣམ་གྲངས་མི་འདང་བའི་མ་དངུལ་བརྩོན་ལེན་བྱས་ཏེ་བུ་ལོན་གྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་དེ་ཡིན། གསུམ་ནི་ཚན་རིག་དང་མཐུན་པའི་ཇུས་འགོད་བཀོད་སྒྲིག་བྱས་ཏེ་ལོ་ལྔ་ཚན་བཅུ་བཞི་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཆར་འགོད་ལས་དོན་ཡག་པོ་སྒྲུབ་དགོས། བཞི་ནི་སྒྱུར་བཅོས་ལ་དམ་འཛིན་བྱས་ནས་ནང་གནས་ལམ་སྲོལ་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ལྔ་ནི་བདེ་འཇགས་ལ་དམ་འཛིན་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། དྲུག་ནི་དབུལ་སྐྱོར་དམ་འཛིན་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས། བདུན་ནི་དཔུང་ཁག་ལ་དམ་འཛིན་ནན་པོ་བྱས་ནས་སྤྱོད་བཟང་གཞུང་དྲང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་བཅས་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པ་ནས་བཟུང་། ཁུལ་ཡོངས་ཀྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་221.63བཏང་ཡོད་པ་དང་། དེས་དུས་མཚུངས་ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་གྲངས་ཀྱི་གསུམ་ཆའི་གཅིག་ཟིན་ཡོད་པ་རེད།    ལོ་ལྔ་ཚན་བཅུ་གཉིས་པ་ལས་སྒོར་དུང་ཕྱུར་105.37འཕར་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་སྤྱིའི་དམིགས་འབེན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།