ཁྲག་ཤེད་གཅོག་ཐུབ་པའི་ཟས་རིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-28   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        མོག་རོ་ནག་པོ། 黑木耳agaric

        མོག་རོ་ནག་པོ་དྭངས་གཙང་གི་ཆུའི་ནང་དགོང་མོ་གཅིག་སྦངས་རྗེས་ཆུ་ཚོད་གཅིག་ནས་གཉིས་བར་སྐོར་བའི་ཁུ་བ་ཤེལ་ཀ་ར་ཏོག་ཙམ་བཏབ་རྗེས་ཉིན་རེར་ཕོར་གང་རེ་བཏུངས་ན་ཁྲག་ཤེད་མཐོ་བའི་ནད་དང་ཁྲག་རྩ་མཁྲེགས་པོ་ཆགས་པའི་ནད་སོགས་བཅོས་ཐུབ།

        སྲན་ལྗང་།绿豆 mung bean

        སྲན་ལྗང་གིས་ཁྲག་ཤེད་མཐོ་བའི་ནད་པར་ནད་བཅོས་ཀྱི་ནུས་པ་ཐོན་ཏེ་གཅིག་ནས་ཁྲག་ཤེད་དམའ་རུ་གཏོང་ཐུབ་པ་དང་གཉིས་ནས་ནད་གཞི་ཡང་རུ་གཏོང་ཐུབ།གཞན་ཡང་རྟག་ཏུ་སྲན་ལྗང་བཟས་ན་ཁྲལ་ཚིག་རྒྱས་རྒྱུ་སྔོན་འགོག་བྱེད་ཐུབ།

        ཇིན་ཚལ། ༼ལྕ་ཚལ༽芹菜celerity

        ཁྲག་ཤེད་མཐོ་བའི་རྐྱེན་གྱིས་མགོ་ན་བ་དང་མགོ་སྦོས་སྐྲངས་སོགས་བྱེད་མཁན་ནད་པས་རྒྱུན་དུ་ཇིན་ཚལ་༼ལྕ་ཚལ༽སོས་པ་བཟས་ན་ནད་ཞི་ལྷོད་དུ་གཏོང་ཐུབ།

        རྒྱ་སྲན་མེ་ཏོག  蚕豆花 broadbean flower

        རྒྱ་སྲན་མེ་ཏོག་སོས་པ་ཁེ་༦༠འམ་ཡང་ན་མེ་ཏོག་སྐམ་པོ་ཁེ་༡༥ཆུའི་ནང་བསྐོལ་བའི་ཁུ་བས་ཁྲག་ཤེད་མཐོ་བའི་ནད་དང་སྣ་ག་རྒྱག་པའི་ནད་གཞི་བཅོས་ཐུབ།