བདེ་ཆེན་གྱི་ས་ཆ་འགའ་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་སྟོབས་ལྡན་རྫོང་སོགས་ཀྱི་མིང་ཐོའི་ནང་ཚུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་25ཉིན།  ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མིང་ཐོ་5ཁྱབ་བསྒྲགས་བྱས་ཏེ་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་10དང་།  ཁྱད་ལྡན་ཡུལ་སྐོར་གྲོང་ཁྱེར་15  ཡུལ་སྐོར་སྟོབས་ལྡན་རྫོང་20  ཡུལ་སྐོར་གྲོང་རྡལ་གྲགས་ཅན་67  ཡུལ་སྐོར་གྲོང་ཚོ་གྲགས་ཅན་133བཅས་ཡོད།  དེའི་ཁྲོད་བདེ་ཆེན་གྱི་རྫོང་1དང་གྲོང་རྡལ་4  གྲོང་ཚོ་10མིང་ཐོ་དེ་དག་ནང་ཚུད་ཡོད།

        འཇོལ་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་སྟོབས་ལྡན་རྫོང་གི་མིང་ཐོའི་ནང་ཚུད་པ།    རྒྱལ་ཐང་གྲོང་རྡལ་དང་མཐའ་ཆུ་གྲོང་རྡལ།  ཡང་ཐང་གྲོང་རྡལ།  ཅིན་ཞིང་གྲོང་རྡལ་བཅས་བཞི་ནི་ཡུན་ནན་ཞིང་ཆེན་ཡུལ་སྐོར་གྲོང་རྡལ་གྲགས་ཅན་གྱི་མིང་ཐོའི་ནང་ཚུད། ཐུང་ལེ་གྲོང་དང་ཧོང་ཕོ་གྲོང།  མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་།  བྲག་དཀར་གྲོང་། ཤར་ཏང་གྲོང་། ཅེ་ཅུས་གྲོང་། ལན་ཧོ་གྲོང་། ཡུང་ཧྲེང་གྲོང་། ཆིང་ཧྥུ་གྲོང་།  པའོ་ཧོ་གྲོང་རྡལ་ན་ཀ་ལ་ཚོ་ཆུང་བཅས་ཡུན་ནན་ཞིང་ཆེན་ཡུལ་སྐོར་གྲོང་ཚོ་གྲགས་ཅན་གྱི་མིང་ཐོའི་ནང་ཚུད།

འཇོལ་རྫོང་གི་རྫོང་མཁར།

ཐུང་ལེ་གྲོང་།