བདེ་ཆེན་གྱི་ལྗོངས་ཁུལ་19ཡིས་ད་ལོའི་སྤ་སེ་གཟིགས་སྐྱོང་50%བྱ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་21ཉིན།  ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་སུ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་པའི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤྱི་བསྒྲགས་བཏང་བ་དང་། སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་པའི་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡོངས་བསྒྲགས་བྱས་པ།  ཁྱོན་ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་137དང་འབྲེལ་བ་དང་དེའི་ཁྲོད་བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་19ཡོད་པ་རེད།

སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་པའི་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མིང་ཐོ།

        ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ཡུན་ནན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་དེ་མགྱོགས་མྱུར་ངང་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བའི་བྱ་ཐབས་སྐོར་གྱི་ བརྡ་ཐོ་ལ་གཞིགས་ན། སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་པའི་ Aརིམ་པ་ཡན་གྱི་ཡུལ་སྐོར་ལྗོངས་ཁུལ་གྱིས་ད་ལོའི་སྤ་སེའི་རིན་གོང་གཟིགས་སྐྱོང་50%བྱེད་པ་དང་།   ཡུལ་སྐོར་ལས་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཡུལ་སྐོར་ཚོགས་པ་དང“ལག་ཁྱེར་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད་པའི ”སྟེགས་བུ་བརྒྱུད་ནས་སྤ་སེ་ཉོ་མཁན་ལ་ལྗོངས་ཁུལ་གྱི་སྤ་སེ་ཚང་མ་རྩ་ཆག་བཏང་ནས་ཞིང་ཆེན་རིམ་པས་ཁ་གསབ་བྱ་རྒྱུ་རེད།