རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཆི་ཅན་ཞིན་གྱིས་ཕ་ཡུལ་ལ་མགྲིན་ཚབ་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2020ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་པེ་ཅིང་དུ་འཚོགས་བཞིན་ཡོད་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཡིན་པའི་ཆི་ཅན་ཞིན་གྱིས་ཕ་ཡུལ་ལ་མགྲིན་ཚབ་བྱས།

        བདེ་ཆེན་ཞེས་པ་ནི་བདེ་བ་ཆེན་པོའི་དོན་ཡིན་ལ།  ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན། ཁུལ་དེ་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་སོགས་སུ་གནས་ཡོད་པ་དང་།  ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་མཚོ་བོད་ས་མཐོའི་ལྷོ་ཡན་ས་ཚིགས་སུ་གནས་ཡོད། འདི་ན་གངས་རིས་སྐོར་ཞིང་གཙང་ཆུ་བཞུར་བ།  འདི་ན་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་སེམས་ཀྱི་ཉི་ཟླ་ཡིན་པ་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི“གཙང་གསུམ་མཉམ་རྒྱུག”གི་ལྟེ་བའི་ས་ཁུལ་ཡིན།

        བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།  འབའ་ལུང་རྫོང་བཅས་ཡོད་པ་དང་།  བོད་རིགས་དང་འཇང་རིགས།  ལི་སུའུ་རིགས། དབྱི་རིགས་སོགས་མི་རིགས་26ས་ཆ་འདི་ན་འཆམ་མཐུན་མཉམ་གནས་བྱེད་ཡོད།

        འདི་ན་བརྗིད་ཉམས་ལྡན་པའི་ཡུན་ནན་གྱི་རི་བོ་མཐོན་པོ་དང་པོ་ཁ་བ་དཀར་པོ་དང་། འཇིག་རྟེན་སྟེང་གི་ཆེས་གཏིང་ཟབ་པའི་གྲོག་རོང་སྟག་མཆོང་གྲོག་རོང་། སྟོན་པའི་རིག་གནས་ཀྱི་འབྱུང་གནས་“དྲང་སྲོང་ཤུལ་བཞག་”ཆུ་དཀར་ཆུ་ནག ཀྲུང་གོའི་འཕྲེད་ཐིག་གི་ཆེས་དམའ་བའི་དེང་རབས་འཁྱགས་རོམ་སྟེ་མེ་ལུང་འཁྱགས་རོམ། “ས་མཐོའི་མུ་ཏིག་གྲགས་ཅན”བལ་ཐག་མཚོ་དང་ཁམས་བོད་གླིང་བཅུ་གསུམ་གྱི་གྲས་ཤིག་ཡིན་པའི་དགའ་ལྡན་སུམ་རྩེན་གླིང་སོགས་ཡོད།

        མི་རྣམས་ཧ་ལས་དགོས་པའི་རང་བྱུང་མཛེས་ལྗོངས་ལས་གཞན།  བདེ་ཆེན་ལ་ད་དུང་ཉམས་འགྱུར་མི་འདྲ་བའི་མི་རིགས་སོ་སོའི་གླུ་གར་དང་།  ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ།  ལྐོག་གྱུར་གཏིང་ཟབ་ཀྱི་ཆོས་ལུགས་རིག་གནས་སྣ་ཚོགས་སོགས་ཡོད།

        བདེ་ཆེན་ཁུལ་ལ་“སྲོག་ཆགས་དང་རྩི་ཤིང་གི་ཡུལ་ཁམས”དང“རང་བྱུང་རི་མཐོའི་ལྡུམ་ར”ཞེས་བརྗོད་ཀྱི་ཡོད།

        འདི་ན་ཏག་མའི་མེ་ཏོག་དང་དྲིལ་བུའི་མེ་ཏོག  སྤང་རྒྱན་མེ་ཏོག   ཨུཏྤལ་སྔོན་པོ།  ཐང་དམར་སོགས་དང་།  ཏན་སྤྲེའུ་སྤུ་སེར་དང་བོང་རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་ལ་ལྟ་ཐུབ་པ་མ་ཟད།  བེ་ཤ་དང་ཀོ་ཀོ་ཤ་མོ་སོགས་རི་སྐྱེ་ཤ་མོའི་བྲོ་བ་མྱོང་ཐུབ། དེ་མིན་དབྱར་རྩྭ་དགུན་འབུ་དང་སྙི་བ། ལྕ་བ་སོགས་ཀྱི་རི་སྐྱེ་སྨན་སྤྱོད་རྩི་ཤིང་ཡང་འདི་ན་ཡོད།