བོད་ལྗོངས་ནོར་བུ་གླིང་གའི་ཁོངས་གཏོགས་ཀྱི་ལྡེབས་རིས60%ཉམས་གསོ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        གསར་འགོད་པས་ཚེས25ཉིན་བོད་ལྗོངས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་བུ་གླིང་གས་ཕྱོགས་ཡོངས་ནས་ལྡེབས་རིས་ཉམས་གསོ་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས་ཤིང་། མིག་སྔར60%ལེགས་འགྲུབ་བྱུང་ཡོད་པ་རེད།

འདི་ནི་ཟླ5བའི་ཚེས22ཉིན་ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལག་རྩལ་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་མི་སྣས་སྡེབས་རིས་ཉམས་གསོ་བྱེད་བཞིན་པའི་ཚུལ་རེད།

        ནོར་བུ་གླིང་ག་རིག་དངོས་ཚན་ཁག་གི་ལས་བྱེད་མི་སྣ་འཆི་མེད་རྡོ་རྗེ་ཡིས་བཤད་རྒྱུར། ནོར་བུ་གླིང་གའི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོ་ལས་གཞི་དེ2016ལོར་ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཆོག་མཆན་གནང་བ་བརྒྱུད། 2017ལོར་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི284བཏང་སྟེ། ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལག་རྩལ་ཞབས་ཞུའི་ལྟེ་གནས་ཀྱིས་ཉམས་གསོ་བྱ་རྒྱུར་མངགས་བཅོལ་བྱས་ཡོད་ཟེར།

        2018ལོའི་ཟླ8པར་ལས་གཞི་དངོས་སུ་ལས་འགོ་བརྩམས་ཤིང་། ཁོར་ཡུག་དང་དྲོད་ཚད་སོགས་རྐྱེན་གྱིས2019ལོའི་ཟླ5བར་དངོས་སུ་ཉམས་གསོ་ལག་བསྟར་བྱས་པ་ཡིན། མིག་སྔའི་བར་དུ། རྣམ་གྲངས་ཁྲོད་རྟག་བརྟན་མི་འགྱུར་ཕོ་བྲང་དང་། སྤྱན་བསལ་ཕོ་བྲང་། སྐལ་བཟང་ཕོ་བྲང་སོགས་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོ་བྱ་བ་ལེགས་འགྲུབ་བྱས་ཏེ། ཉམས་གསོ་རྒྱ་ཁྱོན་སྨི་གྲུ་བཞི་མ600ལྷག་ལ་སླེབས་ཡོད།

འདི་ནི་ཟླ5བའི་ཚེས22ཉིན་ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལག་རྩལ་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་མི་སྣས་སྡེབས་རིས་ཉམས་གསོ་མ་བྱས་གོང་རྣམ་གྲངས་ཐོ་འགོད་བྱེད་བཞིན་པའི་ཚུལ་རེད།

        འདིའི་སྔོན་ལ་བོད་ལྗོངས་ཀྱིས་རིག་དངོས་གལ་ཆེན་གྱི་ཉམས་གསོ་ལས་གཞི་ཐེངས་གསུམ་སྤེལ་ཏེ། 2003ལོར་ནོར་བུ་གླིང་གའི་ལྡེབས་རིས་སྐོར་ཞིག་ལ་ཉམས་གསོ་བྱས་ཤིང་། འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་ཐེངས་དང་པོར་ཕྱོགས་ཡོངས་ནས་ཉམས་གསོ་ལས་དོན་སྤེལ་བ་རེད། །