རྒྱལ་ཁབ་ཀྱིས་ཁང་བ་འདིའི་རིགས་སྐྲུན་མཁན་ལ་གསལ་འདེབས་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-25   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


        ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་ཡིས《ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་སྤྱོད་དབང་གཏན་འཁེལ་ཐོ་འགོད་ལས་དོན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ཞིང་། བརྡ་ཐོའི་ནང་བདག་དབང་ཆུང་བའི་ཁང་པ་སོགས་ཐོ་འགོད་བརྒྱུད་ཁྲིམས་འགལ་ས་ཆ་ཁྲིམས་མཐུན་ཅན་དུ་འགྱུར་མི་རུང་བར་བསྐྱར་བསྒྲགས་བྱས་ཡོད་པ་རེད། 

        བརྡ་ཐོའི་ནང་ནན་གྱིས་བསྟན་དོན། རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་བ་བརྩིགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དང་འགལ་ཏེ་ཁང་བ་བརྩིགས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱིས་ཁྲིམས་འགལ་གྱིས་ཁང་ས་ཉོ་བའམ་རྒྱུ་ནོར་བདག་དབང་ཆུང་བའི་ཁང་བ་སོགས་ཐོ་འགོད་བྱས་མི་ཆོག་ལ། ཐོ་འགོད་བརྒྱུད་ནས་ཁྲིམས་འགལ་གྱི་ས་ཆ་ཁྲིམས་མཐུན་ཅན་དུ་བསྒྱུར་མི་ཆོག

        རང་བྱུང་ཐོན་ཁུངས་པུའུ་ཡིས2020ལོའི་ལོ་མཇུག་ཏུ་ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་སྤྱོད་དབང་གཏན་འཁེལ་ཐོ་འགོད་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྱུར་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་ངོས་ནས་བཤད་ན། ཁང་སའི་གྲངས་འབོར་མང་ཞིང་གནས་ཚུལ་རྙོག་འཛིང་ཆེ་བ་དང་། ས་གནས་ཁ་ཤས་སུ་གྲོང་གསེབ་ཀྱི་ས་ཁོངས་བརྟག་དཔྱད་ཀྱི་རྨང་གཞི་ཞན་པ་དང་། ཐོ་འགོད་དཔྱད་ཡིག་དོ་དམ་ཚད་ལྡན་མིན་པ། ཆ་འཕྲིན་ཅན་དུ་འགྱུར་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་ཡོད།

        2020ལོའི་ལོ་མཇུག་ཏུ་ཁང་ས་དང་ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་དབང་གཏན་འཁེལ་ཐོ་འགོད་བྱེད་པའི་འགན་ལེན་བྱ་ཆེད། རང་བྱུང་ཐོན་ཁུངས་པུས་ས་གནས་ཁག་གི་གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཀྱི་བླང་བྱ་གཞིར་བཟུང་ནས། ས་གནས་སོ་སོའི་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པའི་ཁང་ས་གཞི་གཅིག་ཅན་གྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན། མི་འགྱུར་བ་དང་མི་བརྗེ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལམ་ལུགས་ལག་བསྟར་མ་བྱས་གོང་། ལོ་རྒྱུས་ཀྱི་དུས་རིམ་ཁག་ཏུ་སྤྲད་པའི་ཁང་ས་དང་ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སྤྱོད་དབང་ལག་ཁྱེར་སྔར་བཞིན་ནུས་ལྡན་ཡིན་ལ། ཁང་ས་གཞི་གཅིག་ཏུ་གྱུར་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་དགོས་མཁོ་ཡོད་པའི་རིགས་ཀྱིས་ཁང་བ་བརྟག་དཔྱད་བྱས་ཚར་རྗེས་ཐོ་འགོད་བྱེད་དགོས།

        རང་བྱུང་ཐོན་ཁུངས་པུའུ་ཡིས་ད་དུང་ས་གནས་སོ་སོས་ས་ཁོངས་བརྟག་དཔྱད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཁང་ས་དང་ཐུན་མོང་གི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་གཞི་གྲངས་ཕྱོགས་ཡོངས་ནས་རྩད་གཅོད་གསལ་བོ་བྱས་ཏེ། བརྟག་དཔྱད་ཐོ་འགོད་བྱས་ཟིན་པ་དང་། བརྟག་དཔྱད་བྱས་ཟིན་ཀྱང་ཐོ་འགོད་བྱས་མེད་པ། ཐོ་འགོད་བྱ་དགོས་ཀྱང་ཐོ་འགོད་བྱས་མེད་པ། ཐོ་འགོད་བྱས་མི་ཆོག་པ་སོགས་ཀྱི་གནས་ཚུལ་གསལ་པོར་ཤེས་དགོས་པའི་བླང་བྱ་བཏོན།