ཡུན་ནན་ཞིང་ཆེན་ལ་བོད་ཡིག་གནའ་གཞུང་17000ལྷག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིནཉེ་སྔོན།  ཡུན་ནན་ཞིང་ཆེན་གྱི་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀའི་བཞུགས་མོལ་ཚོགས་འདུ་བདེ་ཆེན་ཁུལ་དུ་འཚོགས་པ་དང་།  གྲོས་ཚོགས་ཐོག་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྣེ་ཁྲིད་དེ་གཏན་འབེབས་བྱེད་པའི་ཡུན་ནན་ཞིང་ཆེན་གྱི་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀའི་ འཆར་ཟིན་ཇུས་གཞི་ཡིས་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀའི་ སྤྱི་ཡོངས་ཀྱི་བསམ་བཀོད་དང་། གཞི་རྩའི་རྩ་དོན། ལས་ཀའི་ནང་རྐྱེན། སྤྱིའི་དམིགས་འབེན་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། དེའི་དམིགས་ཡུལ་ནི་ད་ལོ་ནས་2025ལོའི་བར་ཞིང་ཆེན་ཡོངས་ཀྱི་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ནགས་སྐེ་རགས་ཆོས་རྫོང་གི་གཏེར་ཆོས།

        གྲོས་ཚོགས་ཐོག་བསྟན་དོན། ཡུན་ནན་ཞིང་ཆེན་ལ་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་རིགས་མང་པོ་ཡོད་ལ། དེ་དག་ལོ་རྒྱུས་ཡུན་རིང་ལྡན་པ་དང་ འདྲེན་རྟེན་སྣ་མང་ཞིང་ཐུན་མོང་མ་ཡིན་པས་མི་ལ་མེད་ན་ང་ཡོད་པ་དང་མི་ལ་ཡོད་ན་ངའི་བཟང་པའི་གནའ་གཞུང་སྲུང་སྐྱོང་གི་ད་ལྟའི་གནས་བབ་ཆགས་འདུག  བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན་ཡུན་ནན་ཞིང་ཆེན་ལ་བོད་ཡིག་གནའ་གཞུང་ 17000ལྷག་ཡོད་པ་དང་། བོད་རིགས་ཀྱིས་རང་མི་རིགས་ཀྱི་ཡི་གེ་སྤྱད་དེ་གནའ་གཞུང་ཁྲི་ཕྲག་མང་པོ་ཟིན་ཐོར་བཀོད་ཡོད་དེ།  ནང་དོན་ནི་ལོ་རྒྱུས་དང་རྩོམ་རིག  གསོ་བ་རིག་པ་སོགས་ཀྱི་ཐད་ཁྱབ་ཡོད། དཔེ་དེབ་དང་དཔེ་མིང་སོགས་ཚང་མར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཡུན་ནན་གྱི་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀ་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད།

འཇོལ་རྫོང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དཔེ་རྙིང་།

        གྲོས་ཚོགས་ཐོག་ཇི་ལྟར་བྱས་ནས་བོད་ཡིག་གནའ་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐད་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཏོན་ཏེ། གཅིག་ནས་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་སྲིད་ཇུས་ཡག་པོ་སྤྱོད་ནས་ཡུན་ནན་གྱི་བོད་ཡིག་གནའ་གཞུང་སྲུང་སྐྱོང་ལས་ཀ་ལ་ནུས་ཤུགས་འབུལ་དགོས།  གཉིས་ནས་བོད་ཡིག་གནའ་གཞུང་ཐོ་འགོད་ཡོངས་བཤེར་བྱེད་རྒྱ་ཆེ་རུ་བཏང་སྟེ་བོད་ཡིག་གནའ་གཞུང་གི་ཁྱབ་ཚུལ་དང་སྲུང་སྐྱོང་གནས་ཚུལ་རྒྱུས་ལོན་དགོས་པ་དང་མ་ལག་ཁག་ལས་བགོས་མཐུན་སྦྱོར་བྱེད་དགོས།  གསུམ་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེར་གཏོང་དགོས།  བཞི་ནས་བོད་ཡིག་གནའ་གཞུང་ལེགས་སྒྲིག་དང་དཔེ་སྐྲུན།  ཞིབ་འཇུག  བེད་སྤྱོད་སོགས་ཀྱི་ལས་ཀ་བྱེད་ཤུགས་ཆེར་གཏོང་དགོས་པ་དང་།  བོད་ཡིག་གནའ་གཞུང་ཉམས་གསོ་དང་གྲངས་འཛིན་ཅན་གྱི་ལས་ཀ་ཡག་པོ་སྒྲུབ་དགོས།  ལྔ་ནས་གྲོན་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་དགོས།