ཞི་ཅིན་ཕིང་གིས་རྗེས་ཕྱོགས་དང་བླངས་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-25   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ5བའི་ཚེས24ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཝུའུ་ཧན་ཤིན་ཀྲོའུ་ཁུལ་ཁྲེན་ཡུས་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཀྲང་ཝུན་ཤིས་ཀྱིས་གཏམ་བཤད་བྱེད་སྐབས། གཞི་རིམ་གྱི་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཤད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱིས་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ལ་ཚོད་བགམ་བྱས་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་ནུས་པ་གལ་ཆེན་ཐོན་པ་གསལ་བོར་མངོན་ཡོད། རྗེས་ཕྱོགས་འཕྲལ་སྡོམ་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་མ་ལག་འཐུས་ཚང་དུ་བཏང་ནས་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་དང་། སྣེ་ཁྲིད་ཐུབ་པ་བྱེད་དགོས་ཞེས་གསུངས།