ཆི་ཅན་ཞིན་གྱིས་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། 2020ལོའི་ཁུལ་ཡོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་དང་ཟུང་འབྲེལ་གང་ལེགས་བྱས་ནས། འབའ་ལུང་རྫོང་གིས་ནུས་ཤུགས་ཡོད་རྒུས་མཉམ་འཐབ་ཆེན་པོ་བཞི་ཡག་པོར་རྒྱབ་སྟེ། ཧུར་བརྩོན་གྱིས་ཚད་བརྒལ་དྲུག་གི་ལས་ཀའི་བླང་བྱ་མངོན་འགྱུར་བྱས་ནས། གོ་སྐབས་དམ་འཛིན་གྱིས་བྱས་རྗེས་ཧུར་ཐག་བཞག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

    འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་ནང་། ཆི་ཅན་ཞིན་གྱིས་འཐུས་མི་ཚོས་ཐོན་ལས་དབུལ་སྐྱོར་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་འཕྲོད་བསྟེན་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་པར་ཁས་ལེན་གང་ལེགས་གནང་བ་རེད།

    ཆི་ཅན་ཞིན་གྱིས་བསྟན་དོན། ལོ་གཅིག་རིང་འབའ་ལུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཞིང་། ཐོན་ལས་འཕེལ་རྒྱས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས། རྒྱུན་མཐུད་སྲ་བརྟན་དང་མཐོར་འདེཊ་གཏོང་དགོས་ཞེས་བསྟན་པ་རེད།

    ཆི་ཅན་ཞིན་གྱིས་གཅིག་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས། གཉིས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དམག་འཐབ་ཆེན་པོ་ཡག་པོ་རྒྱག་དགོས། གསུམ་ནས་དབུལ་སྒྲོལ་སྲ་བརྟན་གྱི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས། བཞི་ནས་སྐྱེ་ཁམས་འཛུགས་སྐྱོང་གི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས། ལྔ་ནས་རྣམ་གྲངས་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། དྲུག་ནས་གྲོང་ཁྱེར་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བདུན་ནས་གྲོང་གསེབ་དར་རྒྱས་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བརྒྱད་ནས་སྒྱུར་བཅོས་སྒོ་དབྱེའི་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། དགུ་ནས་དམངས་འཚོ་ལེགས་གཏོང་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བཅུ་ནས་སྤྱི་ཚོགས་བཅོས་སྐྱོང་ཐད་ཚད་བརྒལ་ཡོང་བ་བྱེད་དགོས་ཞེས་པའི་བླང་བྱ་བཏོན། 

ཡུས་ཀུའེ་ཧྥུན་དང་ཝུའུ་ཞུའེ་ཀྲུའུ།  ཞུས་ཀོང་ཏེ་སོགས་འགོ་ཁྲིད་ཀྱིས་འབའ་ལུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།