རྒྱལ་ནང་གི་བརྒལ་ཚད་ཆེ་བའི་ལྕགས་གདུང་ཅན་གྱི་ལྕགས་ལམ་དཔྱང་ཐག་ཟམ་པ་དང་པོ་བདེ་ཆེན་དུ་ཡོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    འབྲི་ཆུའི་ཟམ་ཆེན་ནི་སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་སྟག་མཆོང་རྡོའི་ལྗོངས་ཁུལ་གྱི་སྟོད་རྒྱུད་ཀྱི་སྤྱི་ལེ་3གྱི་མཚམས་སུ་བཙུགས་ཡོད་ཅིང་།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད།   ཟམ་ཆེན་དེའི་རིང་ཚད་ལ་སྨི་882.5ཡོད་པ་དང་།  བརྒལ་ཚད་གཙོ་བོའི་བར་ཐག་ལ་སྨི660ཡོད།    ཀ་འདེགས་དང་པོའི་མཐོ་ཚད་ལ་ལ་སྨི་194.5དང་།   ཀ་འདེགས་གཉིས་པའི་མཐོ་ཚད་ལ་སྨི་155.5ཡོད་པས། དེ་ནི་རྒྱལ་ནང་གི་བརྒལ་ཚད་ཆེ་བའི་ལྕགས་གདུང་ཅན་གྱི་ལྕགས་ལམ་གྱི་དཔྱང་ཐག་ཟམ་པ་ཐོག་མ་དེ་ཡིན་འདུག

    མིག་སྔར།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་གྱི་གཤམ་འོག་གི་གྲུབ་ཆ་དང་། ཟམ་པའི་གཡས་གཡོན་གྱི་ཀ་འདེགས་གཙོ་བོ་དང་དེའི་རྨང་གཞི།   ཐག་པ་གཙོ་བོ་དང་འབྲེང་ཐག་བཅས་བཟོ་བསྐྲུན་བྱས་ཚར་ཞིང་འགྲམ་བརྒལ་ལྕགས་གདུང་ཡང་བཟོ་བསྐྲུན་བྱས་ཚར་ཡོད།   གོམ་སྟབས་རྗེས་མར་མུ་མཐུད་དུ་འབྲེང་ཐག་དཔྱང་འདེགས་འཕྲུལ་ཆས་སྒྲིག་སྦྱོར་ཚོད་ལྟ་བྱས་ནས། དཔྱང་ཐག་སྒྲིག་སྦྱོར་དང་བར་བརྒལ་གྱི་ལྕགས་གདུང་སྒྲིག་སྦྱོར་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ལ།   སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་གཞི་འདིང་བའི་ཆ་རྐྱེན་འཛོམས་རྒྱུ་རེད།