ཁུལ་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་སྒྲིལ་བ།

རྩོམ་པ་པོ།   དབྱངས་ཅན།  ཡིག་བསྒྱུར།       དུས་ཚོད།   2020-05-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ5པའི་ཚེས18ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁུལ་ཨུའི་སྙན་ཞུ་ཐིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

     ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་246ཞུགས་དགོས་པ་དང་། དངོས་སུ་202ཞུགས་ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

      ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལག་བསྟར་ཀྲུའུ་ཞི་ཝང་དབྱི་ཀྲིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

       ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་བར་ད་དུང་ཡུས་ཧྲེང་ཞང་དང་ཀྲང་ཝེ་ཏུང་། ཝང་ཡུན་སུང་། ཁྲེན་ཅུན་མིང་། ཞའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན།  ཕུའུ་ཅང་སོགས་ཡོད་པ་རེད།


      གྲོས་ཚོགས་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་།བདེ་ཆེན་ཁུལ་གྱི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད།བདེ་ཆེན་ཁུལ་གྱི་2019ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད།བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད།བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་བཅས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

      གྲོས་ཚོགས་ཐོག་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་བཟོ་བཅོས་འཆར་ཟིན》དང《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། 


    ཁུལ་ཨུའི་ཧྲུའུ་ཅི།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱི་ཀྲིས་མཇུག་འགྲིལ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད།  ཁོང་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ང་རང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་བྱུང་།འདི་ནི་འཐུས་མི་ཡོངས་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་བདག་ལ་བཅངས་བའི་ཡིད་ཆེས་དང་རེ་བ་ཡིན།ཚང་མས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ངེས་པར་དུ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱས་ནས།བདེ་ཆེན་གྱི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཆེད་རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ།རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་གཏན་ནས་མི་གཏོང་ཅེས་གསུང་བ་རེད།  

     ཝང་དབྱི་ཀྲིས་2019ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་།དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། སྤྱི་ཚོགས་ཀྱི་སྤྱི་རྣམ་དེ་བས་ཞི་མཐུན་བརྟན་ལྷིང་བྱུང་ནས།ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཇེ་རྒྱས་སུ་སོང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད།    གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་མདུན་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་འཆར་འགོད་བཀོད་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀར་སྤྱི་འདོམས་སྐུལ་འདེད་བཏང་ཡོད།  སྤུས་ཚད་མཐོ་བའི་སྒོ་ནས་འབའ་ལུང་རྫོང་གི་དབུལ་ཞྭ་ཕུད་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་དུས་བབ་དང་ལྡོག་ནས་དུས་ཚིགས་དང་པོའི་དཔལ་འབྱོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་མངོན་འགྱུར་བྱུང་ཡོད།

     དུས་སྐབས་རྗེས་མའི་ལས་ཀའི་ཐད། ཝང་དབྱི་ཀྲི་ཡིས་ནན་བཤད་གནང་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་ཡུན་ནན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ནས། རྒྱལ་ཡོངས་ཀྱི་བོད་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་ཧུར་ཐག་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྣེ་འདྲེན་དམག་མི།   ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་བཅས་ལ་ཕྱོགས་པའི་དུས་རབས་གསར་པའི་དཔེ་བཟང་བོད་ཁུལ་བསྐྲུན་པར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཝང་དབྱི་ཀྲིས་ནན་བཤད་གནང་དོན།ཁུལ་ཡོངས་ཀྱི་ཏང་ཨུ་རིམ་པ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ལེགས་བཅོས་བྱས་ནས་མི་དམངས་འཐུས་ཚོགས་རིམ་པ་ཁག་གིས་འགན་ནུས་འདོན་སྤེལ་བྱེད་པར་སྔར་བཞིན་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས།རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་དང་འཐུས་མིའི་ཐོབ་ཐང་ལ་གཅེས་སྤྲས་བྱས་ཏེ་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།  མི་དམངས་འཐུས་ཚོགས་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱས་ནས།ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་འཁུར་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།  སྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་དགོས་པ་དང་དུས་རབས་གསར་པས་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་དེ་བས་ལེགས་པའི་སྒོ་ནས་འཁུར་དགོས། རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཧུར་ཐག་ངང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་།མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་བསམ་འཆར་ནན་ཏན་གྱིས་བསྒྲུབས་ཏེ། མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལས་དོན་སྒྲུབ་པར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་དགོས།   ཏུའུ་ཡུང་ཁྲུན་དང་།ལི་ཡན་ལན། བཀྲ་ཤིས་དོན་གྲུབ། དབྱང་ཙེ་ཅང་། མེའོ་ཡིའུ་ཧྥ། ཀའོ་གོ་ཁྲེང་། ཞུས་ཕེང་ཧྲེང་།ཝང་ཝུན་ཅ། ཁུང་ཝེ་ཧྭ། ཏུའུ་ཅང་། ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་། སུང་ཐའོ། ཁྲེང་ཕེང་། ཝུའུ་ཞུའེ་ཀུན།ལི་ཆིང་ཕེ། དབྱང་ཧྥེང་ཞི། ཀུའོ་ཁྲུང་ཞན། ཧྲི་ཁྲུན་མིང་།   སྐལ་བཟང་རྣམ་རྒྱལ།  ཀྲང་ཡུས། ཝང་ཁའེ་ཧྲི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།