བདེ་ཆེན་གྱི་འཐུས་མི་ཚོས་བསམ་འཆར་གང་དག་བཏོན་ཡོད་པར་གཟིགས་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འཐུས་མི་དང་ཨུ་ཡོན་རྣམ་པ་ནི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་སྨྲ་བའི་མགྲིན་ཚབ་པ་ཡིན།    ཁོང་ཅག་གིས་སློབ་གསོ་རིག་གནས་དང་།དབུལ་སྒྲོལ་འགག་སྒྲོལ། སྨན་བཅོས་འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་ནས་མི་དམངས་མང་ཚོགས་ཀྱི་ཆེད་དུ་སེམས་གཏམ་སྨྲས་ཡོད་པས་ང་ཚོས་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲར་གཟིགས་ན། 

    འཐུས་མི་བཀྲ་ཤིས་དོན་འགྲུབ་ཀྱིས་གཅིག་ནི་ད་ཡོད་ཀྱི་ཐོན་ལས་སྲ་བརྟན་དུ་གཏོང་དགོས།  གཉིས་ནི་གུ་ཡངས་པའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་དུས་མཚུངས་རྒྱལ་དབང་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ནོར་སྲིད་ཡོང་འབབ་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས།གསུམ་ནི་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་པ་དང་།དོན་དག་ཆེ་ཆུང་གང་ཡང་མི་ཐོན་པར་འགན་ལེན་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་ཡོད།    

     འཐུས་མི་ཁྲེན་ཆོན་གྱིས་ཁུལ་རིམ་པའི་རྣམ་གྲངས་གལ་ཆེན་མཉམ་བཤེར་མཉམ་མཆན་འགོད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དོན་དངོས་ཐོག་དུས་འགོའི་རྣམ་གྲངས་ཀྱི་གཞན་སྒྱུར་བྱེད་ཚད་དང་།གསར་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་ཚད།མཐུད་སྐྲུན་རྣམ་གྲངས་ཀྱི་ལས་མཇུག་འགྲིལ་ཚད།མཇུག་འགྲིལ་རྣམ་གྲངས་ཀྱི་ཐོན་སྐྱེད་བྱེད་ཚད་བཅས་ཀྱི་ཚད་བཞི་མཉམ་འགུལ་ཐུབ་པར་བྱེད་དགོས།གཞན་མིག་སྔར་ཐོན་ལས་གཉིས་པས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་ཅུང་ཆེན་པོ་བཏོན་ཡོད་པས་ཁུལ་རིམ་པའི་ངོས་ནས་ཐོན་ལས་གཉིས་པའི་ཕྱོགས་སྒྱུར་གྱི་འབྲེལ་ཡོད་ལས་དོན་ལ་མཐོང་ཆེན་བྱ་རྒྱུའི་གྲོས་གཞི་བཏོན་པ་རེད།   

    འཐུས་མི་ལུང་ཞའོ་ཧྥེང་གིས་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་ནས་ཐོན་ལས་ཁྱབ་རྒྱ་ཆེ་བའི་ཤང་གྲོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་གྲོས་གཞི་བཏོན་པ་རེད།

    འཐུས་མི་རིག་འཛིན་གྱིས་གཅིག་ནི་སྔོ་ཁེབས་ཞན་པའི་ས་ཁུལ་གྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་།  གཉིས་ནི་ཁྱད་ལྡན་ཡུལ་སྐོར་གྲོང་ཆུང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།གསུམ་ནི་གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་བྱེད་ཤུགས་དང་སྲུང་སྐྱོང་བྱེད་ཤུགས་ཆེར་གཏོང་དགོས།བཞི་ནི་སློབ་གྲྭ་དང་སྨན་ཁང་གི་བཀོད་པ་ལེགས་སུ་བཏང་སྟེ་སྨན་བཅོས་མི་སྣ་བགོ་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།  ལྔ་ནི་སྔར་ལས་ལྷག་པར་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།  དྲུག་ནི་ནུས་ཤུགས་ཡོད་རྒུས་གྲོང་གསེབ་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་པ་རེད།

     འཐུས་མི་ཨ་ཁྲིམས་ཀྱིས་ཡུལ་མི་གནས་སྤོའི་ལས་ཀའི་ཁྲོད་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་དངོས་སྤྱོད་དགོས་པ་དང་།སྲིད་ཇུས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཏན་ཏིག་གིས་ཡུལ་མི་གནས་སྤོའི་བརྒྱུད་རིམ་ཁྲོད་འཕྲད་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ནས་ཡུལ་མི་གནས་སྤོའི་མང་ཚོགས་བློ་བདེ་པོའི་ངང་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་པ་རེད།