སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        ཟླ་5ཚེས་17ཉིན་གྱི་སྔ་དྲོར། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་སེམས་ཀྱི་ཉི་ཟླ་རུ་རྒྱལ་ཁའི་ངང་མཇུག་སྒྲིལ། གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་རང་འགན་གཙང་སྒྲུབ་ཀྱིས་སེམས་ནུས་གཅིག་སྒྲིལ་དང་མ་འོངས་མཉམ་དུ་བཏོད་དེ་དུས་རབས་གསར་པའི་བདེ་ཆེན་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལེའུ་གསར་པ་ཞིག་རྩོམ་ཆེད་ཧུར་ཐག་གིས་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཏོན།   

        ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་། དབྱང་ཧྥེང་ཞི། ཤར་རྩེ་བསྟན་འཛིན་ཆོས་འཕེལ། ཀུའོ་ཁྲུང་ཞན། ཧྲི་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ། ཧོའུ་ཅི་ལིན། ཉི་ཞའོ་ཏུང་། ལི་ལེའང་བཅས་རེད།

        ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།    

        ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཨུ་ཡོན་219ཞུགས་དགོས་ལ། དངོས་སུ་ཚོགས་འདུར་ཞུགས་མཁན་180ཡོད་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།

        ཚོགས་འདུའི་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་འདུའི་འབྲེལ་ཡོད་ཀྱི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་འཆམ་བྱུང་། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

        ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་མཇུག་སྒྲིལ་གསུང་བཤད་ནང་འདི་ནི་ཁུལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ད་ལོའི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཞིག་རེད། ཀྲུང་གུང་བདེ་ཆེན་ཁུལ་ཨུས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གཞུང་། དེ་མིན་འབྲེལ་ཡོད་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཁུལ་ཨུས《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དུས་ཐོག་ཏུ་འགྲེམས་སྤེལ་བྱས། ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཝང་དབྱི་ཀྲིས་ཀྱང་འགོ་ཚུགས་ཚོགས་འདུའི་ཐོག་མའི་གསུང་བཤད་གལ་ཆེན་གནང་། ན་ནིང་བར་དུ་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་བ། ཁྱབ་རྒྱ་ཆེས་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལེགས་པར་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བར་བླང་བྱ་གསལ་པོ་བཏོན་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་བསྟན། 

        ཏུའུ་ཡུང་ཁྲུན་གྱིས་ད་ཐེངས་ཀྱི་ཚོགས་འདུ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གྲོས་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། འདི་ནི་བདེ་ལུགས་གཅིག་འདུས་དང་སྒུལ་ཤུགས་གསར་པ་སྐུལ་སློང་བྱེད་པའི་ཚོགས་ཆེན་ཞིག་དང་། མཐུན་སྒྲིལ་དམངས་གཙོ། དམ་པ་དོན་གཉེར། ལས་ཆོད་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་འདུ་འཚོག་རིང་། ཨུ་ཡོན་ཡོངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་འགན་འཁྲི་སྒྲུབ་པའི་སྤྲོ་སེམས་ལ་བརྟེན་ནས་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས། ཧུར་ཐག་གིས་བདེན་གཏམ་སྤེལ་བ་དང་ཇུས་བཟང་འབུལ་བ། ཚོགས་འདུའི་ཐོག་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་པས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མཚོན་ཡོད་པ་བསྟན། 

        ཏུའུ་ཡུང་ཁྲུན་གྱིས་2020ལོ་ནི་རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། འཚོག་གྲབས་ཡོད་པའི་ཁུལ་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དགོངས་པ་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་བྱེད་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། 《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》གྱི་བླང་བྱ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱེད་སྒོ་ཁག་གི་ཁྲོད་དུ་དོན་འཁྱོལ་ཏན་ཏིག་བྱ་དགོས། ཏང་ཨུའི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ། མི་དམངས་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་སྤྱོད་དེ་གར་རྗེས་སྙེགས་ཐུབ་པ་བྱེད་དགོས།འགན་ནུས་སྒྲུབ་པའི་ལས་དོན་དེ“རྒྱལ་ཁ་ཕྱོགས་གཉིས་ནས་”ལེན་རྒྱུར་དམིགས་ཤིང་། འགན་ནུས་ཀྱི་ལེགས་ཆ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཁྲོད་འདོན་སྤེལ་བྱས་པ་དང་སྲིད་གྲོས་ཀྱི་གཟུགས་བརྙན་དེ་འབྱོར་འབྲིང་དམིགས་ཚད་མངོན་འགྱུར་ལ་ཞབས་འདེགས་ཞུ་བའི་ཁྲོད་མངོན་པར་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ། གྲོས་མོལ་བྱ་རྒྱུ་དེ་ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོར་བརྩིས་ནས་ཁུལ་ཨུའི་ལྟེ་བའི་ལས་དོན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གྲོས་མོལ་གྱི་ལས་སྟེགས་སྔར་ལས་ལེགས་པར་འཛུགས་པ་དང་། གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོས་མོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲོས་མོལ་བྱེད་པའི་ནུས་རྩལ་མཁས་ཤོས་འདི་བེད་སྤྱོད་ལེགས་པོ་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་རྒྱུ་དེ་ལས་འགན་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་དང་དོགས་སེལ་ལས་ཀ་ལེགས་སྒྲུབ་གཏིང་ཟབ་བྱེད་པ། ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་འགྲིལ་བྱེད་པ། སེམས་པ་གཅིག་མཐུན་ཡོང་བ་བཅས་བྱས་ནས་ཁྱབ་ཁོངས་སྔར་ལས་ཆེ་བའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བར་བྱེད་དགོས། གང་ཐུབ་ཅི་ཐུབ་ཀྱིས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཨུ་ཡོན་གྱི་འགན་སྒྲུབ་འགན་འཁྲིར་ཤུགས་སྣོན་རྒྱག་པ། སྲིད་གྲོས་ཨུ་ཡོན་ནི་མཚན་སྙན་ཡིན་ལ་འགན་འཁྲི་ཡང་དེ་བས་ཡིན་པ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་འཆང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། རང་རྟོགས་ངང་ཆབ་སྲིད་ཐད་ཀྱི་བསམ་ཤེས་ཅན་ཞིག་བྱེད་པ་དང་། སྒྲིག་བརྩི་ཁྲིམས་སྲུང་དང་སྤྱོད་གཙང་རང་གཅུན་བྱེད་པ། བྱ་གཞག་སེམས་ལ་འཇོག་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། རང་འཁྲིའི་ལས་ཀའི་མིག་དཔེ་དང་། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་མཁན་གཙོ་བོ། རིགས་ཁོངས་མང་ཚོགས་བཅས་ཀྱི་འཐུས་མི་ཡག་པོ་བཅས་བྱས་ནས། དུས་རབས་དང་ལས་འགན་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱ་དགོས་པ་ནན་གྱིས་བསྟན་པ་རེད།།