སི་ཁྲོན་རྔ་པའི་མཎྚལ་ཐང་འདམ་ར་ལྟ་ན་སྡུག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-16   རྩོམ་ཁུངས།    མི་དམངས་དྲ་བ།

 

    སི་ཁྲོན་ཞིང་ཆེན་རྔ་པ་རྫོང་མཎྚལ་ཐང་འདམ་རའི་མཛེས་ལྗོངས་ཁུལ་དུ་ཡངས་པའི་རྩྭ་ཐང་ཡོད་ཅིང་། དཔྱིད་ཀ་ཤར་རིམ་བཞིན་འདི་གར་སྔོ་ཐིང་ཐིང་དུ་འགྱུར་བ་དང་མེ་ཏོག་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་ནས་ལྟ་བས་མི་ངོམ་པ་ཞིག་ཏུ་འགྱུར་གྱི་ཡོད། འདི་ནི་སི་ཁྲོན་ནུབ་བྱང་གི་བོད་རིགས་ས་ཁུལ་གྱི་འབྲོག་ར་རྩེ་གྲ་ཞིག་ཡིན་ལ། རྨ་ཆུའི་ཆུ་འགོའི་ཆུ་རྩྭ་གསོ་འཁྱོངས་ཁུལ་གྱི་ས་མཐོའི་འདམ་ར་ཞིག་ཀྱང་རེད། དེ་མཛོད་དགེ་དང་ཧུང་ཡོན་རྒྱལ་ཁབ་རིམ་པའི་འདམ་ར་སྲུང་སྐྱོང་ཁུལ་དང་ཡུག་གཅིག་ཏུ་སྦྲེལ་ནས་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་ཆ་ཚང་ཞིག་གྲུབ་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་རྫོང་མཎྚལ་ཐང་འདམ་རའི་མཛེས་ལྗོངས་ཁུལ་ཡིན་པ།