རྒྱ་མཚོའི་ངོས་ཀྱི་མཐོ་ཚད་སྨི་5000སར་ཡོད་པའི་མངའ་རིས་ཀྱི་འབྲོང་ཁམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཉེ་ཆར། གསར་འགོད་པ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་པགས་རག་གྲོང་ཚོར་བསྐྱོད་པའི་ལམ་བར་ནས་འབྲོང་ཁམ་པ་མདོག་ཞིག་པར་བླངས་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འབྲོང་འདི་རིགས་ལ་“འབྲོང་ཁམ་པ”ཞེས་འབོད་པ་དང་། དེ་ཚོ་ནི་གྲང་ངར་ཆེ་ཞིང་གསོ་རླུང་ཉུང་བ་དང་། མི་མེད་ལུང་སྟོང་གི་བྱང་ཐང་དུ་འཚོ་གི་ཡོད་པ་དང་དེའི་ཁར་རིགས་རྒྱུད་ཀྱི་གྲངས་ཚད་ཧ་ཅང་ཉུང་ལ་འགྲོ་སྡོད་ངེས་མེད་ཡིན་པས་མིས་མཐོང་བ་ནི་ཧ་ཅང་དཀོན་པོ་ཡིན་པ་རེད།

        མངའ་རིས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཐག་རིང་ས་ཁུལ་ཞིག་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་34.5ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད། ཉེ་བའི་ལོ་འགའི་རིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཚད་ཆེ་རུ་བཏང་བ་དང་། ཁྲིམས་འགལ་ངང་རྔོན་རྒྱག་པར་རྡུང་རྡེག་དྲག་པོ་བཏང་བས་མངའ་རིས་ས་ཁུལ་ནང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་བསྟུན། མངའ་རིས་ས་མཐོ་དེ་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་“བདེ་བ་ཅན་གྱི་ཞིང་ཁམས་”སུ་གྱུར་ཡོད།