བོད་ཀྱི་གཏམ་དཔེ་ཐོར་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

༡、འདོད་པ་ཅན་ལ་རྒྱུ་མ་བསྟན།།   ངན་སེམས་ཅན་ལ་བློ་མ་གཏོད།། 

༢、དགའ་ས་བོར་བཤད་གི་འདུག་གོ།།   ན་ས་བོར་རག་གི་འདུག་གོ།། 

༣、ཆུ་གཏིང་ན་བཞུར་དལ།།   མི་མཁས་ན་ཚིག་དལ།། 

༤、ཁྱིམ་གཅིག་ལ་བུ་སྤུན་མང་ན།།   དགྲ་ནག་པོ་འདུལ་བའི་ཐོ་ཡིན།། 

༥、ཚེ་ཟད་ནད་པ་སྨན་པས་མི་ཐུབ།།   རི་བོ་ཉིལ་ན་ཐག་པས་མི་སྡོམ།། 

༦、ཟས་མི་ལག་བརྒྱུད་ན་ཇེ་ཉུང་།།   གཏམ་མི་ཁ་བརྒྱུད་ན་ཇེ་མང་།། 

༧、ཁ་མཁས་ན་སྡེ་བའི་དཔོན་པོ།།   ལག་བདེ་ན་སྡེ་བའི་གཡོག་པོ།། 

༨、དགུན་རྒྱ་སྟག་འདྲ་བོ་མཆོངས་ནས་ཡོང་།།   དབྱར་ཝ་མོ་འདྲ་བོ་འཇབ་ནས་ཡོང་།། 

༩、བྱ་ཁྱུང་བྱམས་པ་བྲག་ཡིན་རུང་།།   ཞི་ལུའི་བཀོད་པ་ཁོག་ཡིན།། 

༡、༠གངས་དཀར་སེམས་ན་རྟ་མེད་ན།།   ཕུ་རིང་ནང་ལ་སྲབ་མི་འཛིན།། 

༡༡、བཟང་བསླབས་ན་ལོ་གསུམ།།   ངན་བསླབས་ན་ཉིན་གསུམ།། 

༡༢、ཁ་ནས་བཤད་ན་ལྷ་བཞེངས་ལ།།   ལག་ལ་བཞག་ན་སྣབས་ལུག་ལ།། 

༡༣、འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།།   བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས།།    

༡༤、འཐེན་འཐེན་ན་ཆད་འགྲོ།།   བཀུག་བཀུག་ན་ཆག་འགྲོ།། 

༡༥、རང་སྐྱོན་རི་བོང་རྭ་རེད།།   གཞན་སྐྱོན་གྲམ་པའི་རྡོ་རེད།། 

༡༦、བཤད་ས་བུ་མོ།།   ཉན་ས་མནའ་མ།། 

༡༧、ཨ་ལུ་མེད་ས་ནས་ཙི་གུ་མགོ་རྒྱལ་འབུད།། 

༡༨、བྱ་འཕུར་ཤེས་ན་གཤོག་སྣེ་བྲག་ལ་མི་ཐོགས།།   མི་འགྲོ་ཤེས་ན་རྐང་སྣེ་རྡོ་ལ་མི་ཐོགས།། 

༡༩、གོམ་གསུམ་སྤོས་ན་དོན་གསུམ་འགྲུབ།།   གཙོག་གེ་བསྡད་ན་མུག་གེ་འཆི།།