རང་ཁུལ་གྱིས་དབུལ་སྐྱོར་ལས་བྱེད་པ་4000ལྷག་ལ་གསོ་སྦྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་11ཉིན།  ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་མཉམ་དུ་དབུལ་སྐྱོར་ལས་བྱེད་པའི་དངོས་འཐབ་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ལས་བྱེད་པ་རིགས་ལྔའི་བརྙན་ཟློས་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཁག་གསལ་འགྲེལ་ཞིབ་ཕྲ་བྱས་ནས་རིམ་པ་ཁག་གི་ལས་བྱེད་པའི་དབུལ་སྔར་ལས་ལྷག་པར་ཆེ་རུ་གཏོང་བ་རེད།

        ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཞུས་ཕེང་ཧྲེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་བྱས་པ།

        ཞུས་ཕེང་ཧྲེང་གིས་ནན་བཤད་བྱས་དོན། ཁུལ་ཡོངས་རིམ་པ་ཁག་གི་དབུལ་སྐྱོར་ལས་བྱེད་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་ཀ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་འཛིན་ཡང་དག་བྱེད་དགོས་པ་དང་། རང་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་གྲུབ་འབྲས་དང་མདུན་དུ་ལྷགས་ཡོད་པའི་གནས་བབས་དང་ལས་འགན་ལ་ངོས་འཛིན་ཡང་དག་བྱེད་དགོས། མཐར་མ་སླེབས་བར་དུ་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་དང་སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ། དགའ་སྣང་བྱེད་པ་དེ་བས་ཀྱང་བྱེད་མི་རུང་། ཁུལ་ཡོངས་གོང་འོག་གིས་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

        ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་།  རྫོང་དང་གྲོང་ཁྱེར་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ།  ཤང་གྲོང་དང་གྲོང་ཚོ(སྡེ་ཁུལ)གྱི་ལས་བྱེད་པ།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་སློབ་ཆེན་ཐོན་པའི་གྲོང་དཔོན། སྤྱི་ཕན་ལས་གནས་མི་སྣ་སོགས་དབུལ་སྐྱོར་ལས་བྱེད་པ་ཁྱོན་4000ལྷག་གིས་དུས་གཅིག་ཏུ་དྲ་ཐོག་ཏུ་སློབ་སྦྱོང་བྱས་པ་རེད།