བདེ་ཆེན་ཁུལ་ཨུའི་འདུ་ཤེས་འཛིན་སྟངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།། ཁུལ་ཨུའི་འདུ་ཤེས་འཛིན་སྟངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་བཞུགས་མོལ་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་ཏེ། ཚོགས་འདུའི་ཐོག་མིག་སྔའི་རང་ཁུལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མདུན་དུ་ལྷགས་པའི་གནས་བབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་དངོས་གནས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་ཉེན་ཁའི་གནས་ལ་ཚོད་འཛིན་བྱས་པ།  དེ་བཞིན་དུས་རིམ་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

        ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁུང་ཝའེ་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

        ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོད་དགོས་པ་དང་། ཁུལ་ཡོངས་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གསར་པར་བསྔགས་བརྗོད་བྱེད་པ་དང་དུས་རབས་གསར་པར་མདུན་སྐྱོད་བྱེད་པ། སྲོག་ཤིང་ལ་བརྩི་བཀུར་བྱེད་པ་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་པ། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་སྤྲོ་སེམས་ཆེན་པོ་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས།  ཕྱོགས་ཡོངས་ནས་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲི་ལམ་ལུགས་དོན་དུ་འཁྱོལ་དགོས་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཁག་གི་དོ་དམ་ཚད་ལྡན་ནན་པོ་བཟོ་བ་དང་འདུ་ཤེས་འཛིན་སྟངས་ལས་ཀའི་རང་འགུལ་དབང་ཆ་དང་འགོ་ཁྲིད་དབང་ཆ། སྐད་ཆ་ཤོད་དབང་བཅས་འཛིན་སྟངས་ནན་པོ་བཅས་བྱེད་དགོས་ཞེས་པའི་བླང་བྱ་བཏོན།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  《ཀྲུང་གོའི་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་ཀའི་སྲོལ་ཡིག》དང་《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་རྩ་གནད།》《དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྤེལ་ལག་བསྟར་རྩ་གནད།》བཅས་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་སློབ་གསོ།  མང་ཚོགས་ལ་ཞབས་ཞུ་བཅས་ཟབ་འཇུག་བྱེད་དགོས། དྲིལ་བསྒྲགས་བསམ་བློའི་ལས་ཀ་གཞུང་དྲང་གསར་གཏོད་དང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་རྒྱུར་སྐུལ་འདེད་བཏང་ནས་བདེ་ཆེན་འདི་ཉིད་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར། བསམ་བློའི་འགན་ལེན་བཅས་མཁོ་འདོན་བྱེད་དགོས།

        ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཨུའི་སྲིད་ཁྲིམས་ཨུ། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱི་འགན་ཁུར་མི་སྣ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ་དང་།    ཁུལ་ཨུའི་འདུ་ཤེས་འཛིན་སྟངས་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཁུངས་གཏོགས་ལས་ཁུངས་ཁག་ཚོགས་འདུར་ཞུགས་པ་རེད།