ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་53པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།   

       ཟླ་5པའི་ཚེས་7ཉིན་གྱི་ཕྱི་དྲོ་ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་53པ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་དྲུག་པ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཉེ་དུས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཞིབ་ཕྲའི་དམིགས་ཚད་ཀྱི་བླང་བྱ་དང་བསྡུར་ནས་ཆད་གསབ་ཞིབ་བཤེར་དང་ཞན་ཆ་ཁ་གསབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་དབུལ་པོ་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་དང་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

ཞུས་ཕེང་ཧྲེང་དང་། ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་དབྱི། སུང་ཐའོ། ཧོ་ལི་ཕིང་། ཁྲེང་ཕེང་། ཝུའུ་ཞུའེ་ཀྲུའུ།  ལི་ཆིང་ཕེ། ཞུས་ཀོང་ཏེ་སོགས་ཚོགས་འདུར་ཞུགས་ཡོད།