བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཚད་གཞི་བཞིའི་བསམ་བློ་སློབ་གསོའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་5པའི་ཚེས་11ཉིན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་བྱས་པ་དང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གཉེར་འགན་འཁུར་བའི་བདེ་ཆེན་ཁུལ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་ཚད་གཞི་བཞིའི་བསམ་བློའི་སློབ་གསོའི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་དེ་གཟི་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ནང་སློབ་འགོ་ཚུགས་པ་རེད།  གསོ་སྦྱོང་ནང་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ས་དམ་གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ས་དམ་གྲོང་ཁྱེར་ཉིང་ལིའང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ས་དམ་ཡུས་ལུང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ནས་མཛུབ་ཁྲིད་བྱས་ཡོད།  

གསོ་སྦྱོང་ནང་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ས་དམ་གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ནས་མཛུབ་ཁྲིད་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་གསོ་སྦྱོང་མ་བྱས་གོང་ལས་དོན་མི་སྣས་སློབ་མ་ཚང་མར་ལུས་དྲོད་ཚད་འཇལ་བྱས་པ་དང་གསོ་སྦྱོང་བྱེད་རིང་ད་དུང་སློབ་མར་བཀག་སྡོམ་དོ་དམ་བྱས་ཡོད།   གསོ་སྦྱོང་ནང་ཁྱོན་སློབ་ཚན་28བཀོད་སྒྲིག་བྱས་ཡོད་པ་དང་གྲྭ་བཙུན་62ཞུགས་ཡོད།   ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དེ་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཁྲོད་ཁྱབ་པར་བྱས་ནས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་དོན་མི་སྣའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དེ་རེད།

གསོ་སྦྱོང་ཚོགས་འདུའི་ཐོག་སློབ་མ་རྣམ་པས་སློབ་སྦྱོང་གི་གོ་སྐབས་གཅེས་སྤྲས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྐབས་དོན་ཆབ་སྲིད། བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ཤེས་བྱ་སོགས་སློབ་སྦྱོང་ནན་ཏན་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས་པ་དང་།      སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་། གཏིང་ཟབ་པའི་མིག་དཔེ་སྟོན་པ།   རླབས་ཆེ་བའི་ཉམས་འགྱུར་མངོན་པ། རྒྱལ་སྲུང་དམངས་ཕན་གྱི་དཔེ་སྟོན་ཡག་པོ་མངོན་པ་བཅས་བྱས་ཏེ་རང་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།