སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གིས་གཙང་པོ་གཙང་བཟོའི་བྱ་སྤྱོད་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ5པའི་ཚེས7ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གིས་གཙང་པོ་གཙང་བཟོའི་བྱ་སྤྱོད་སྤེལ་བ་རེད།  ཐེངས་འདིའི་གཙང་པོ་གཙང་བཟོའི་བྱ་སྤྱོད་ནི་སྟོད་སྨད་རྒྱུད་དབྱེ་ནས་ཝུའུ་ཞི་ལུང་གཙང་པོའི་ཆུ་ལམ་གྱི་གཞོགས་གཉིས་དང་། གཙང་ངོས། ལམ་ངོས་བཅས་སུ་གད་སྙིགས་གཙང་སེལ་བྱས་ལ། གཙང་པོའི་ངོགས་དང་གྲམ་ཐང་གི་གད་སྙིགས།ཆུ་ངོས་ཀྱི་གཡེང་དངོས་སོགས་གཅིག་སྡུད་ཐོག་གཙང་སེལ་བྱས་པས་ཝུའུ་ཞི་ལུང་གཙང་པོའི་ཁོར་ཡུག་སྔར་ལས་གཙང་བར་གྱུར་ཡོད།