འཇོལ་རྫོང་བུ་བཅོལ་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རོགས་སྐྱོར་སྤེལ་རེས་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཟླ་སྨད་ནས་བཟུང་། འཇོལ་རྫོང་བུ་བཅོལ་ཁང་གིས་ཀྲི་པུའི་ཏང་ཡོན་དགེ་རྒན་དང་རྐང་འཛིན་དགེ་རྒན་དང་བཅས་པའི་མི་6སྒྲིག་འཛུགས་བྱས་ནས་ཐང་སྟེང་ཤང་གི་བུ་བཅོལ་ཁང་དང་། བྲག་ཞབས་ཤང་གི་བུ་བཅོལ་ཁང་། གཡག་རྭ་ཤང་གི་བུ་བཅོལ་ཁང་བཅས་སུ་བསྐྱོད་དེ“གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པའི”རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད། 

    ཤང་གྲོང་ཁག་གི་ཡོན་ཀྲང་གི་གྲོས་བསྡུར་དང་གཅིག་གྱུར་གཞིར་བཟུང་།གནས་རེར་ལྷུ་ཚིགས་གསུམ་གྱི་སྤེལ་རེས་སྤེལ་བ་རེད། དང་ཐོག་ཤང་དང་གྲོང་རྡལ་ཁག་གི་བུ་བཅོལ་ཁང་གི་དགེ་རྒན་ཚོར་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་དང་། ནད་ཡམས་འོག་བུ་བཅོལ་ཁང་གི་སློབ་གསོའི་བསམ་གཞིག་སོགས་ཀྱི་ནང་དོན་མཉམ་སྤྱོད་བྱས་པ་མ་ཟད། ཤང་དང་གྲོང་རྡལ་གྱི་བུ་བཅོལ་ཁང་ཚང་མར་དགེ་རྒན་ཚོས་སློབ་སྦྱོང་བྱེད་པའི《བུ་བཅོལ་ཁང་གི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཕྱོགས་སྟོན》གྱི་ལག་དེབ་ཀྱང་སྤྲད་པ་རེད། དེ་ནས་རྫོང་བུ་བཅོལ་ཁང་གི་རྐང་འཛིན་དགེ་རྒན་གྱིས་གྲོང་གསེབ་ཀྱི་བྱིས་པའི་སློབ་གསོའི་དགེ་རྒན་ཚོར་སློབ་ཚན་གྱི་དཔེ་སྟོན་སྤེལ་རེས་བྱས་ཏེ་ས་ཁོངས་ཀྱི་བྱེད་སྒོ་སྤེལ་བ་དང་སློབ་ཁྲིད་ཡག་པོ་ཇི་ལྟར་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཐད་མཉམ་སྤྱོད་བྱས་ཏེ། ཤང་དང་གྲོང་རྡལ་གྱི་གྲོང་ཚོ་རེར་བུ་བཅོལ་ཁང་རེ་ཡོད་པའི་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་མཐོ་རུ་བཏང་བ་རེད། མཐར་ཡུལ་དངོས་སུ་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་ལ་ལྟ་སྦྱོང་བྱས་ཏེ་བཙུགས་མ་ཐག་པའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་དེ་ཁོར་ཡུག་གསར་གཏོད་དང་། གླིང་གཞིའི་སློབ་ཚན། ཟ་ཁང་གི་འཕྲོད་སྦྱོར་ལས་དོན་སོགས་ཀྱི་ཐད་ཡོན་ཀྲང་དང་དགེ་རྒན་ཚོ་དང་སྤེལ་རེས་བྱས་པ་དང་། དུས་མཚུངས་སུ་གནས་ཚུལ་དངོས་ལ་གཞིགས་ནས་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་རེད།