བདེ་ཆེན་གྱི་གཙང་པོའི་རྒྱུད་དུ་པད་ཁ་དང་གྲོ་བརྔ་བའི་དུས་སུ་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དབྱར་ཚུགས་པའི་སྔ་རྗེས་སུ།

བདེ་ཆེན་གྱི་གཙང་པོའི་རྒྱུད་དུ་རྩྭ་རྩི་ཤིང་ཡོང་སུ་རྒྱས་ནས། 

ས་འཛིན་ཨ་མའི་ཁྱོན་ནི་ལྗང་མདོག་གི་འཇིག་རྟེན་ཞིག་ཏུ་གྲུབ་ཡོད།

རྣང་ཞིང་གྲུ་བཞི་དང་རླབས་ཀྱི་ཟེགས་མའི་རྩེ་ན། 

འདབ་ཆགས་དང་ཉ་སྲིན་རྣམས་ནི་སྐྱིད་པའི་རྩེད་འཇོར་རོལ་ཞིང་།

སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་སྣང་ནི་གང་སར་ཁྱབ།

སྐབས་འདིར།

གསེར་མདོག་གི་གྲོ་ཞིང་ནང་དུ་འབྲུ་དྲུག་གི་ཞིམ་མངར་དྭངས་མོས་ཁྱབ་ཅིང་།

བསིལ་རླུང་གི་ཁྲོད་ན་སྙེ་མའི་མགོ་བོ་ཕར་ལྡེམ་ཚུར་ལྡེམ་བྱེད།

ད་ལོར་ཡང་གཡུར་དུ་ཟ་བའི་ལོ་ལེགས་བྱུང་བ་ན།

ལས་ལ་བརྩོན་པའི་ཞིང་པ་རྣམས་ལ་ཡིད་ཚིམ་པའི་འཛུམ་མདངས་བྱུང་།

ང་ཚོས་བསྐྱར་དུ་མིག་ཟུང་གི་ཕྱོགས་སྟོན་འཁོར་ལོ་དེ།

རེ་བའི་ཁེངས་པའི་རྣང་ཞིང་གྲུ་བཞི་ཞིག་ལ་གཟིགས་ན། 

འབའ་ལུང་རྫོང་མའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་གི་རྣམང་ཞིང་གྲུ་བཞིའི་བར་ན།

པད་ཁའི་མེ་ཏོག་རྣམ་པར་བཞད་ནས།

སྣང་བ་འགུག་པའི་དྲི་ཞིམ་ཞིག་ཕྱོགས་བཞིར་འཐུལ་ཞིང་།

ཞིང་པ་རྣམས་ནི་པད་ཁ་བརྔ་བསྡུ་བྱེད་པར་བྲེལ། 

འབྲུ་རྡོག་རེ་རེ་མཛོད་དུ་འདྲེན་པའི་རྩོལ་བའི་ཁྲོད་ན།

ཉམས་དགའ་ཞིང་བཀྲ་ཤིས་པའི་ལྟས་བཟང་ཞིག་ཀྱང་རང་ཤུགས་ཀྱིས་མངོན་འདུག