ཁུལ་སྲིད་གཞུང་གིས་ཆེད་དམིགས་སུ་འབའ་ལུང་གི་གྲོང་ཁྱེར་འཛུཊ་སྐྲུན་ལས་ཀར་ཞིབ་འཇུག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-09   རྩོམ་ཁུངས།    སེམས་ཀྱིི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་སྲིད་གཞུང་གིས་ཆེད་དམིགས་ཚོགས་འདུ་འཚོགས་ཏེ་འབའ་ལུང་རྫོང་གི་གྲོང་ཁྱེར་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀ་ལ་ཞིབ་འཇུག་བྱས་པ།  ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གྲོང་བཞི་མཉམ་སྐྲུན་ཞེས་པ་གོ་སྐབས་སུ་བྱས་ཏེ་འབའ་ལུང་གི་མི་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་དགོས་པ་དང་། འབའ་ལུང་རྫོང་གནས་སྡོད་དང་ཡུལ་སྐོར། ལས་གཉེར། གསོ་སྐྱོང་བཅས་བྱེད་པར་འོས་པའི་མཛེས་སྡུག་ལྡན་པའི་རྫོང་མཁར་དུ་བཞེངས་བསྐྲུན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཆི་ཅན་ཞིན་གྱིས་བླང་བྱ་གནང་དོན།  དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་ཡང་དག་བྱེད་དགོས་པ་དང་།  གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་འཆར་མང་གཅིག་སྒྲིལ་བྱེད་དགོས།  གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་རྣམ་པར་ཚོད་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས་ནང་དོན་སྔོག་འདོན་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན་ལ་སྣང་ཆེན་བྱེད་དགོས།  ཡུང་ཁྲུན་ཆུ་བོའི་བཅོས་སྒྲིག་ལ་སྣང་ཆེན་བྱེད་དེ་རི་ཆུ་ནགས་ཞིང་མཚོ་གཞི་གཅིག་གི་གྲོང་ཁྱེར་འཕེལ་རྒྱས་འདུ་ཤེས་འཛུགས་དགོས། གྲོང་བཞི་མཉམ་སྐྲུན་གྱི་དམིགས་ཚད་ལ་བསྡུར་ནས་དེ་སྔའི་གྲོང་ཁུལ་གྱི་འཚང་ཁ་དང་། རླངས་འཁོར་འཇོག་ས་མི་འདང་བ། ཆུ་འབུད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཞན་ཆ་གསབ་དགོས། ཡུལ་བབ་དང་བསྟུན་ནས་ཤིང་སོན་གྱི་གདམ་ག་ཡག་པོ་བྱས་ཏེ་སྔོ་འགྱུར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས།  འཛུགས་སྐྲུན་གྱི་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་ལ་གཞིགས་ནས་རྣམ་གྲངས་ཁག་ལ་སྐུལ་འདེད་གཏོང་དགོས།  རྣམ་གྲངས་ཀྱི་དུས་འགོའི་ལས་ཀ་ཡག་པོ་བསྒྲུབས་ནས་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་དགོས།  གོང་རིམ་སྲིད་ཇུས་ཀྱི་ཧུར་བརྩོན་ཡར་སྐྱེད་ཀྱི་སྙན་ཞུ་དང་བརྩོན་ལེན་བྱེད་དགོས།    ཁུལ་རིམ་པའི་སྡེ་ཚན་གྱིས་མཛུབ་ཁྲིད་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་ཡག་པོ་བྱས་ནས་འབའ་ལུང་གི་རྣམ་གྲངས་དེ་བས་མང་བ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནང་ཞུགས་རྒྱུའི་བརྩོན་ལེན་བྱེད་དགོས།