ཁུལ་ཨུའི་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོཊ་ཐེངས་102འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་7ཉིན།  ཁུལ་ཨུའི་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་102པ་འཚོགས་པ་དང་།  ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་ཀྱི་རྩོད་སྒྲུབ་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པ་དང་། འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱེད་པ། རྒྱུན་སྲིང་དམག་འཁྲུག་རྒྱག་པའི་བསམ་བློའི་གྲ་སྒྲིག་འདང་ངེས་བཅས་བྱེད་དགོས།  གཉིས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནང་འཇུག་རང་བཞིན་གྱི་ནད་དཔེ་སྔོན་འགོག་བྱེད་དགོས།  གསུམ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཡོངས་སུ་ལེགས་གྲུབ་བྱུང་བར་འགན་ལེན་བྱེད་དགོས། བཞི་ནས་སྔར་ལས་ལྷག་པར་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཉེན་ཁ་འགོག་ཟོན་གྱི་ལས་ཀ་ཁག་དམ་འཛིན་བྱས་ཏེ་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ལྔ་ནས་ངོས་འཛིན་རྩིས་ལེན་ཧུར་ཐག་དང་བྱས་ནས་ཧྲུའུ་ཅི་ཁྲེན་ཧའོ་ཡི་བརྟག་ཞིབ་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་དགོས།

    ཚོགས་འདུའི་ཐོག་《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་<ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གནད་དོན་འགའི་སྐོར་གྱི་ཆོད་དོན>སློབ་སྦྱོང་གཏིང་ཟབ་བྱེད་པ་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཁུལ་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོས་རྒྱུ་ཆ་དང་ཚོགས་འདུའི་བྱེད་སྒོའི་འཆར་གཞི།  《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དུས་རབས་གསར་པའི་སྲིད་གྲོས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར།》 《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་པ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི་ཕྱིར་མིག་ལྟ་བའི་ལྡོག་འདྲེན་བསམ་འཆར་དང་2019ལོའི་ཡུན་ནན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ལས་བྱུང་བའི་གནད་དོན་དག་ཐེར་ལས་ཀ་ལ་ཞིབ་འཇུག་བྱས་པ།  2020ལོའི་དབྱར་རྩྭ་དགུན་འབུ་དང་བེ་ཤ་སྔོག་འཐུ་བྱེད་པའི་དུས་ཚིགས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་དོ་དམ་ཚོད་འཛིན་དང་གྲ་སྒྲིག་ལས་ཀ་སྤེལ་ཚུལ་གྱི་སྙན་སེང་ཉན་པ་རེད།