2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་དོན་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རི་འཛེགས་རུ་ཁག་ལམ་ལ་ཆས་པའི་འགོ་ཚུགས་མཛད་སྒོ་ཚེས6ཉིན་བསྡུས་པ་དང་། རུ་མི30ལྷག་ས་བབ་མཐོ་ཚད་སྨི5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་ནས་དེ་ལས་མཐོ་སར་འཛེགས་ཏེ། ཇོ་མོ་གླང་མའི་མཐོ་ཚད་འཇལ་འགོ་བརྩམས་རྒྱུ་རེད། རི་འཛེགས་པ་རྣམས་ཀྱིས་ཉེ་ཆར་གྱི་གནམ་གཤིས་ལ་གཞིགས་ནས་མཐོ་ཚད་འཇལ་རྒྱུ་ཡིན་ཞིང་། གལ་ཏེ་ཚད་འཇལ་ལས་དོན་ལེགས་འགྲུབ་བྱུང་ཚེ། དེ་ནི་རང་རྒྱལ་གྱི་ཆེད་ལས་ཐིག་ལེན་མི་སྣས་ཐོག་དང་པོར་རི་རྩེར་འཛེགས་ཏེ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ཡིན།  །