ལོ་བཞིའི་མདུན་རྒྱབ་ནས་གླེགས་བམ་གྲོང་ཚོའི་འཕོ་འགྱུར་ལྟ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གླེགས་བམ་གྲོང་ཚོ་ནི་འཇོལ་རྫོང་ཡུན་ལིང་ཤང་དུ་གནས་ཡོད་ལ། སྔར་ཡིན་ན་གླེགས་བམ་གྲོང་དུ་ཟིན་ཐུབ་པའི་ལམ་སྟབས་བདེ་མེད་པས་མི་རྣམས་གླེགས་བམ་གྲོང་ཚོར་སོང་ན་མང་ཆེ་བས་ཤར་ཏང་གྲོང་ནས་ལ་ལེ་བ་བཅུ་གཉིས་འཛེག་པ་དང་ཐུར་ལེ་བ་དྲུག་བབས་ནས་འགྲོ་དགོས། མི་འགའ་རེས་བོང་བུར་བཞོན་ནས་འགྲོ་བའང་འདུག

དེ་སྔོན་གྱི་ལམ།

    ལོ་བཞིའི་སྔོན་ལ་བསྡུར་ན་གླེགས་བམ་གྲོང་ཚོའི་མཛེས་ལྗོངས་སྔར་བཞིན་ལྟ་ན་སྡུག་པ་ལས་གྲོང་ཚོ་ནང་གི་བགྲོད་ལམ་དེ་བས་ཁོད་སྙོམས་ཤིང་སྟབས་བདེ་མོར་གྱུར་བ་དང་། འཚོ་བའི་སྒྲིག་ཆས་དང་ཡོ་བྱད། བཟའ་བཏུང་སོགས་དེ་བས་སྟབས་བདེ་དང་ཕུན་སུམ་ཚོགས་པོར་གྱུར་ཡོད་པས་མི་རྣམས་ཀྱི་འཚོ་བ་དེ་བས་བདེ་ཞིང་སྐྱིད་པོར་གྱུར་ཡོད།

    2016ལོར་ངས་གླེགས་བམ་ལ་ཐེངས་དང་པོ་སོང་བ་དང་དུས་དབྱར་ཁ་ཡིན་པས་ལམ་བར་འདམ་བག་ཆགས་འདུག  མི་རྒས་དང་འགྲོ་མི་ཐུབ་པའི་འགའ་ཡིས་བོང་བུ་བཞོན་ཡོད།   སྐབས་དེར་ཤར་ཏང་་ནས་གླེགས་བམ་བར་སྤྱིར་ཆུ་ཚོད་དྲུག་རེ་འགྲོ་དགོས་འདུག   ད་ལྟ་ཡིན་ན་ཤར་ཏང་ནས་རླངས་འཁོར་འགྲོ་ཐུབ་པས་ས་གནས་དེ་གའི་ལམ་རྒྱ་སྐྱེད་ཡོད་ལ།  རྐང་ཐང་སོང་ན་ཆུ་ཚོད་ལྔ་ཙམ་ལས་འགྲོ་མི་དགོས་པ་དང་རླངས་འཁོར་བསྡད་ན་ཆུ་ཚོད་གཅིག་ཀྱང་འགྲོ་མི་དགོས།

    གླེགས་བམ་གྲོང་ཚོ་ལ་སྟོད་སྨད་གཉིས་ཡོད་པ་དང་།2018ལོར་གྲོང་ཚོ་ནང་བགྲོད་ལམ་སྟབས་བདེ་མོ་མེད་པ།   ད་ལྟར་གྲོང་ཚོ་ནང་རྡོ་ལེབ་འདིང་ནས་ལམ་རྒྱ་ཕལ་ཆེར་སྨི་གཅིག་ཡོད་པའི་བགྲོད་ལམ་བཟོ་འདུག  

ད་ལྟའི་ལམ།

    འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོར་གྱུར་བས་གྲོང་ཚོ་ནང་གི་སྒྲིག་ཆས་གཞན་པ་ཡང་སྔ་ལས་ཡག་པོར་གྱུར་ཡོད་དེ།   དུད་ཁ་མང་པོས་ཞིང་སྤྱོད་འཕྲུལ་ཆས་སྣ་ཚོགས་ཉོ་ཡོད་པ་དང་འཚོ་བའི་སྒྲིག་ཆས་གཞན་པ་འགའ་ཡང་གླེགས་བམ་གྲོང་ཚོའི་མི་རྣམས་ཀྱིས་སྤྱོད་ཀྱི་ཡོད། གྲོང་ཚོ་ནང་གསར་དུ་སྐྲུན་པའི་ཁང་པའི་རྒྱུ་ཆ་ནི་སྔར་ལས་སྟབས་བདེ་མོ་དང་ཕུན་སུམ་ཚོགས་པོར་གྱུར་པས་ཁང་པ་ཡང་དེ་བས་ཡངས་ཤིང་ཁམས་དྭངས་བར་གྱུར་ཡོད། 

དེང་གི་གླེགས་བམ་གྲོང་ཚོ།

    གྲོང་ཚོ་ནང་གི་ཨ་མྱེ་ཟླ་བས་ད་ལྟའི་འཚོ་བ་སྐྱིད་པོ་འདི་ནི་སྔར་ངའི་རྨི་ལམ་ནའང་ཡོང་མ་མྱོང་།  འདི་ནི་གུང་ཁྲན་ཏང་གི་བཀའ་དྲིན་རེད།  གུང་ཁྲན་ཏང་གིས་ང་ཚོར་ལམ་བདེ་མོ་བཟོ་རོགས་བྱེད་པ་མ་ཟད།  དབུལ་སྐྱོར་ལས་ཀ་སྤེལ་ཏེ་ང་ཚོའི་འཚོ་བ་སྐྱིད་པོ་ཡོང་ཆེད་ཐབས་བསླབས་རོགས་བྱེད་པ།   ད་དུང་མང་པོ་མང་པོ་རོགས་བྱེད་ཀྱི་ཡོད་པས་ཚང་མས་བཀའ་དྲིན་དྲན་ཤེས་དགོས་པ་མ་ཚད།   མི་གཞན་གྱིས་རོགས་བྱེད་པའི་དུས་མཉམ་དུ་རང་གིས་ཀྱང་འབད་བརྩོན་བྱེད་དགོས་རེད་ཅེས་སེམས་གཏིང་གི་སྐད་ཆ་འདི་འདྲ་བཤད་བྱུང་།