ངལ་རྩོལ་གྱི་གླུ་གར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-06   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

    ངལ་རྩོལ་གྱི་གླུ་གར་ནི་བོད་ཀྱི་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་ནང་དར་འཕེལ་རྒྱ་ཁྱབ་འགྲོ་བའི་ངལ་རྩོལ་གྱི་གླུ་གར་སྒྱུ་རྩལ་གྱི་རིགས་ཞིག་རེད། ངལ་རྩོལ་གྱི་གླུ་གར་གཙོ་བོ་ནི་ཨར་གཞས་དང་གྱང་གཞས་སོགས་ཡིན། ཨར་གཞས་ནི་ཨར་ཀ་བཅག་དུས་རྒྱག་པའི་ངལ་རྩོལ་གྱི་གླུ་གར་ཞིག་དང་། གྱང་གཞས་ནི་གྱང་རྡུང་སྐབས་འཁྲབ་སྟོན་བྱེད་པའི་ངལ་རྩོལ་གྱི་གླུ་གར་ཞིག་རེད། བོད་ཀྱི་ངལ་རྩོལ་གླུ་གར་ནི་གླུ་ལེན་གཤགས་འགྱེད་དང་ངལ་རྩོལ་གྱི་སྟངས་སྟབས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། གླུ་ལེན་པས་ངལ་རྩོལ་གྱི་སྟངས་སྟབས་གཅིག་གྱུར་ཡོང་ལ་ངལ་བ་སེལ་ཐུབ། གཤགས་འགྱེད་ནི་མི་ཕན་ཚུན་དབར་དགོད་ཁ་སློང་བ་དང་ངལ་རྩོལ་གྱི་རྣམ་པ་འཁྲུག་ཏུ་གཏོང་ཐུབ། བྲོ་འཁྲབ་པས་ངལ་རྩོལ་བྱེད་འདོད་ཤུགས་ཆེར་འགྲོ་བ་དང་ལས་ཆོད་གོང་མཐོར་གཏོང་ཐུབ་པར་བརྟེན་ངལ་རྩོལ་གྱི་གླུ་གར་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན་ཞེས་བཤད་ཆོག