ལྔ་གཅིག་གུང་གསེང་རིང་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི21སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།    བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལྔ་གཅིག་གུང་གསེང་རིང་། བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ནས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་211844སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་ཁྲི་13825.28བྱུང་ཡོད། གུང་གསེང་རིང་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱིས་ཚད་བཀག་དང་ཁ་ཆད་སྔོན་འཇོག གོ་རིམ་ལྡན་པ་བཅས་ཀྱི་རྩ་དོན་ལ་ནན་སྲུང་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གོ་རིམ་ལྡན་པའི་ངང་སྒོ་དབྱེའི་ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱས་ནས། རང་རྟོགས་ངང་རིམས་ནད་སྔོན་འགོག་བྱེད་པའི་ཡུལ་སྐོར་གྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ཡུལ་སྐོར་བས་བདེ་འཇགས་དང་གོ་རིམ་ལྡན་པའི་ཁོར་ཡུག་ཁྲོད་ལུས་སེམས་ལྷོད་ལ་བབས་ཤིང་། སྤྲོ་སྣང་བག་ཕེབས་ལྡན་པའི་ཡུལ་སྐོར་ཞིག་བྱེད་དུབཅུག་པ་རེད།

འབའ་ལྷག་དཀར་རྫོང་ལྗོངས་ཁུལ།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

ཏན་སྤྲེའུ་སྤུ་སེར་ལྗོངས་ཁུལ།

    ཡུལ་སྐོར་བ་ཅུང་གཅིག་སྡུད་ཡིན་པའི་དགའ་ལྡན་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་རླངས་འཁོར་འཇོག་ས་ནས་ཨང་གྲངས་བྱིན་པ་དང་། སྤ་སེ་ཞིབ་བཤེར་ས་ཚིགས་སུ་འབོད་པའི་ཨང་གྲངས་ལྟར་རྩ་གཉིས་ཨང་རྟགས་བཤེར་ནས་ལུས་དྲོད་འཇལ་བ།དེ་རྗེས་ལྗོངས་ཁུལ་དུ་འཛུལ་ཆོག་པའི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་འདུ་འཛོམས་བྱེད་ཚད་ཞི་ལྷོད་དུ་བཏང་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སྟག་མཆོང་གྲོག་རོང་། འབའ་ལྷག་དཀར་རྫོང་སོགས་ལྗོངས་ཁུལ་དུའང་དུག་སེལ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་པ་རེད། མིག་སྔར་རང་ཁུལ་གྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མ་ལས་འགོ་བསྐྱར་ཚུགས་བྱུང་བ་དང་སྐར་མ་མཐོ་བའི་གསོལ་མགྲོན་ཁང་གཞི་རྩའི་ཐོག་ནས་ལས་འགོ་བསྐྱར་ཚུགས་བྱུང་ཡོད་པ་རེད།