འཇོལ་རྫོང་གིས་གླེགས་སྤངས་དུ་ཉེན་ཁ་འཕྲད་པའི་ཡུལ་སྐོར་བ་7 རོགས་སྐྱོབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-04   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་གྱི་ཕྱི་དྲོའི་ཆུ་ཚོད་13དང་སྐར་མ་20ཡི་ཐོག་འཇོལ་རྫོང་སྤྱི་བདེ་ཅུས་ཡུན་ལིང་མངགས་གཏོང་ཁང་གི་ལས་རེས་མི་དམངས་ཉེན་རྟོག་པར་ཉེན་བརྡའི་ཁ་པར་འབྱོར་ནས་ཉེན་བརྡ་གཏོང་མཁན་གྱིས་མི་དམངས་ཉེན་རྟོག་པར“ང་ནི་ཡུས་གླེགས་སྤངས་དུ་ཡོང་མཁན་ཡིན། གནས་དེར་གངས་རྡིབ་བྱུང་ནས་ཡུལ་སྐོར་བ་ཁ་ཤས་ལ་རྨས་སྐྱོན་ཕོག་པ་དང་ཡུལ་སྐོར་བ་གཉིས་ཧ་ཅང་ཚབས་ཆེན་པོ་ཡོད། ཁྱེད་ཚོ་མགྱོགས་ཙམ་རོགས་སྐྱོབ་བྱེད་པར་ཡོང་རོགས། “ཡུན་ལིང་མངགས་གཏོང་ཁང་གིས་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་ནས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད།

    མི་དམངས་ཉེན་རྟོག་པས་དོན་རྐྱེན་ཐོན་ཡུལ་དུ་སྐྱོད་པའི་ལམ་བར་དུ་འཇོལ་རྫོང་སྤྱི་བདེ་ཅུས་དང་ཡུན་ལིང་ཤང་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་ཞུས་ནས་སྨན་བཅོས་དང་མེ་ཟོན་སྡེ་ཚན་དང་ལྗོངས་ཁུལ་དོ་དམ་སྡེ་ཚན་གྱིས་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་དེ་རོགས་སྐྱོབ་བྱེད་རོགས་བྱ་རྒྱུའི་རེ་བ་བཏོན་པ་རེད།

    འགྲོ་ལམ་གུ་དོག་ལ་ས་ལམ་ཡང་ཡིན་པ་དང་ལམ་བུའི་ཐོག་ད་དུང་བསྟུད་མར་རི་སྟེང་དུ་སྐྱོད་མཁན་ཡུལ་སྐོར་བས་ཉེན་རྟོག་པའི་རླངས་འཁོར་འགྲོ་སྐྱོད་བྱེད་འགོར་དུ་ཕྱིན་པ་དང་ལམ་བར་དུ་མི་དམངས་ཉེན་རྟོག་པས་ཉེན་རྟོག་པར་ཉེན་བརྡ་གཏོང་མཁན་དང་འབྲེལ་བ་ཟམ་མི་ཆད་པར་བྱས་པ་དང་དུས་ཐོག་ཏུ་རྨས་སྐྱོན་ཕོག་མཁན་གྱི་གནས་ཚུལ་ལ་དོ་ཁུར་བྱས་པ་མ་ཟད། ལས་རིགས་གཅིག་པའི་མི་སྣར་རྒྱང་ཁྲིད་མཛུབ་ཁྲིད་བྱས་ནས་རྨས་སྐྱོན་ཕོག་མཁན་ལ་སྨན་བཅོས་སྟབས་བདེ་བྱས་པ་རེད།

    ཕྱི་དྲོའི་ཆུ་ཚོད་14དང་སྐར་མ་30ཙམ་ལ་མི་དམངས་ཉེན་རྟོག་པ་གླེགས་སྤངས་ལ་སླེབས་ནས་ས་ཆ་གཏན་འཁེལ་བྱས་རྗེས་མི་ཁག་གཅིག་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་པ་དང་ཆུ་ཚོད་15དང་སྐར་མ་10ཙམ་ལ་ཡུལ་སྐོར་བ་དང་འཕྲད་པ།མི་7ལ་རྨས་སྐྱོན་ཕོག་པ་དང་རྨས་སྐྱོན་ཅུང་ཆེ་བའི་མི་2ལས་གཅིག་ཀྱང་འགྲོ་མི་ཐུབ། མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། མིག་སྔར་སྐྱོབ་བཅོས་ཐུབ་པ་དང་རྨས་ཚུལ་བརྟན་པོ་ཡོད།