རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་དུས་གཏན་འཁེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-03   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    སྤྱི་ཚེས29ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག །སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོག་བྱེད་པའི་དུས་ཚོད་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་ཡོད།  གཏན་འབེབས་གཞིར་བཟུང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ2020ལོའི་ཟླ5ཚེས22ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།
    སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་ལྔ་པ་པེ་ཅིང་དུ་འཚོགས་ཤིང་།    ཚོགས་འདུའི་ཐོག  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ཟླ5པའི་ཚེས21ཉིན་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།