ལྔ་གཅིག་གུང་གསེང་གི་ཉིན་དང་པོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་31104ལ་སྣེ་ལེན་ཞུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-02   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོའི་ལྔ་གཅིག་གུང་གསེང་གི་ཉིན་དང་པོར་ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་31104ལ་སྣེ་ལེན་ཞུས་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཁུལ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་74.3%ཆག་ཡོད་པ་རེད།

  མཛེས་ལྗོངས་ཁུལ་གཙོ་བོའི་སྣེ་ལེན་གནས་ཚུལ་ལ་བལྟས་ན། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཉིན་དང་པོར་མི་ཐེངས་1900ལ་སྣེ་ལེན་ཞུས་པ་དང་། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཁྱོན་བསྡོམས་མི་ཐེངས་1033ལ་སྣེ་ལེན་ཞུས་པ། སུམ་བཙན་གླིང་དགོན་གྱིས་མི་ཐེངས་777ལ་སྣེ་ལེན་ཞུས་པ། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་མི་ཐེངས་273ལ་སྣེ་ལེན་ཞུས་པ་བཅས་རེད།