ལྔ་གཅིག་དུས་ཆེན་རིང་རླངས་འཁོར་འདི་གཉིས་ལ་རིན་མི་དགོས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-01   རྩོམ་ཁུངས།   

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་མིའི་ལྗང་མདོག་ཕྱིར་སྐྱོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། འགྲིམ་འགྲུལ་འགག་པ་ཞི་ལྷོད་དུ་གཏོང་བ། སྤྱི་སྤྱོད་རླངས་འཁོར་སྔོན་ལ་འཇོག་པའི་འདུ་ཤེས་དར་སྤེལ་གཏོང་བ་བཅས་བྱ་ཆེད།
    
ཟླ་5ཚེས་1ཉིན་ནས་ཟླ་5ཚེས་5ཉིན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་གཏན་གནམ་གྲུ་ཚང་མར་འགྲུལ་པས་རིན་མེད་ངང་རྒྱལ་ཁབ་མ་འཇོག་གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ནང་སྡོད་ཆོག་པ་རེད།  
    
ཟླ་5ཚེས་1ཉིན་ནས་ཟླ་5ཚེས་5ཉིན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཚོ་སྐོར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་བཅུ་གཉིས་པར་རིན་མེད་ངང་སྡོད་ཆོག་པ་རེད།