“ལྔ་གཅིག”གུང་གསེང་རིང་ཕྱིར་སྐྱོད་ཀྱི་དྲོ་སྐྱིད་དྲན་སྐུལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-01   རྩོམ་ཁུངས།   

 

     “ལྔ་གཅིགགུང་གསེང་རིང་། རྒྱ་ཆེའི་མང་ཚོགས་དང་བདེ་ཆེན་དུ་ཡུལ་སྐོར་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཚོར་དྲན་སྐུལ་བྱས་པ་སྟེ། རྒྱལ་གཅེས་ཁྱིམ་གཅེས་དང་། ལྟ་སྲུང་རོགས་རམ། རིམས་ནད་སྔོན་འགོག་ཚོད་འཛིན་ནི་མི་ཚང་མར་འགན་འཁྲི་ཡོད་པ། གོམས་སྲོལ་ངན་པ་དོར་ནས་ནད་གཞི་སྔོན་འགོག་བྱེད་པ། གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་པ་དང་བདེ་ཐང་ངང་འཚོ་བ་སྐྱེལ་ཐུབ་པ་བཅས་རེད།


    ཡུལ་སྐོར་དུ་མ་བསྐྱོད་གོང་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། ཡུལ་སྐོར་དུ་འགྲོ་རྒྱུ་གཡོལ་བ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གནས་ཚུལ་སྔོན་བརྡ་གཏོང་བའི་ཆ་འཕྲིན་ལ་དོ་སྣང་བྱེད་པ། ལྗོངས་ཁུལ་གྱི་མི་ཚོགས་མང་བའི་དུས་མཚམས་ལས་གཡོལ་བ། སྒེར་འཁོར་གཏོང་བ་དང་རང་མོས་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་བདམས་ནས་གནམ་གཤིས་དང་། གཞུང་ལམ། འགྲིམ་འགྲུལ། ཡུལ་སྐོར་ཆ་འཕྲིན་བཅས་སྔ་སྣུར་དུ་ཤེས་རྟོགས་བྱེད་དགོས། རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་བདེ་ཐང་གི་ཨང་རྟགས་བཤར་བ། ཁ་ཁེབས་རྒྱག་པ་དང་། བར་མཚམས་བང་སྒྲིག་པ། འདུ་འཛོམས་མི་བྱེད་པ། ལག་པ་ཡང་ཡང་བཀྲུ་བ། ཁ་ལུད་གང་བྱུང་དུ་མི་འཕེན་པ། གད་སྙིགས་གང་བྱུང་དུ་མི་འཕེན་པ། བཟའ་བཅའ་ཁག་བགོས་ཀྱི་སྤྱི་པའི་ཐུར་མ་སྤྱོད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་མི་ཟ་བ། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ་བདེ་ཐང་བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་ཏོག་གསར་གློ་ནད་ཁ་གཏད་ལས་བྱེད་ཚོ་ཆུང་བཀོད་འདོམས་པུའུ་ནས།

2020ལོའི་ཟླ་4པའི་ཚེས་29ཉིན།