གཡག་རྭའི་གཞས་ཀྱི་རྒྱུན་འཛིན་པ་བློ་བཟང་ལྷ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བློ་བཟང་ལྷ་མོ་ནི་1947ལོར་འཇོལ་རྫོང་གཡག་རྭ་ཤང་རྒྱ་སྒང་གྲོང་ཚོ་ཡུང་ཞིང་གྲོང་མི་ཚོ་ཆུང་དུ་སྐྱེས་བ་དང་།  ས་གནས་དེ་གའི་གཞས་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན།  2002ལོར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་ཁག་གཉིས་པར་མིང་བཏགས་པ་རེད།

        བློ་བཟང་ལྷ་མོ་ཡིས་གཞས་ལེན་པ་དང་། ཚིག་སྐོང་བ།  བྲོའི་སྟངས་སྟབས་སོགས་ཀྱི་ཐད་ཡོན་ཚད་ཆེན་པོ་ཡོད་ལ། ཁོ་མོ་ཡིས་སྐོང་པའི་གཞས་ཚིག་ནི་གསོན་ཉམས་ལྡན་པ་དང་བྲོའི་སྟངས་སྟབས་མཛེས་ཤིང་སྟབས་བསྟུན་ཡིན་པས་ས་གནས་དེ་གའི་མི་རྣམས་ཀྱི་འདྲ་དཔེ་ཞིག་ཏུ་གྱུར་ཡོད་པ་རེད།

        བློ་བཟང་ལྷ་མོ་ཡིས་གཡག་རྭ་ལུང་པའི་གཞས་ཚང་མ་ཁོང་དུ་ཆུད་ཡོད་དེ།  དཔེར་ན་ཚེ་རིང་ལོ་ཆུང་ཞེས་པ་དང་ལོ་ཆུང་བྲོ་མཁན་ཞེས་པ་སོགས། ཁོ་མོ་ནི་གྲོང་ཚོ་ནང་གི་གཞས་ཚོགས་སྒྲིག་འཛུགས་བྱེད་མཁན་དང་གཞས་ཀྱི་སྣེ་ཁྲིད་པ་ཡིན་ལ།  ཐོག་མཐའ་བར་གསུམ་དུ་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཞིག་གི་འགན་འཁྲི་སྒྲུབ་བཞིན་ཡོད་དེ་ཡུལ་མི་གཞན་ལ་གཞས་ཀྱི་ཚིག་སྐོང་སྟངས་དང་གཞས་ལེན་སྟངས། བྲོའི་སྟངས་སྟབས་སོགས་སློབ་ཁྲིད་བྱས་ཡོད།